དར་རྒྱལ་ལྷ་མཚོ།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:24ལ་འགྲུབ།

དར་རྒྱལ་ལྷ་མཚོ།

དར་རྒྱལ་ལྷ་མཚོ་ནི་དར་རྒྱལ་རི་བོའི་སྟེང་དབུས་སུ་ལྟེམས་མེར་འཁྱིལ་ཡོད་ལ། དེ་ལ་དར་རྒྱལ་ལྷ་མཚོ་དཀར་པོ་ཞེས་ཀྱང་འབོད་སྲོལ་ཡོད། མཚོ་མོ་དེའི་རྒྱ་ཁྱོན་ཆེ་རྒྱུ་མེད་ཅིང་དབྱིབས་སྒོར་ཞིང་ཧ་ཅང་དྭངས་མོ་ཞིག་ཡིན། མཚོ་འདི་རྡོ་གསེབ་ཏུ་ཆགས་པས་བལྟས་པ་ཙམ་གྱིས་མཚོ་འདི་ཅིའི་ཕྱིར་བྲག་གསེབ་ནས་བཞུར་མ་སོང་ངམ་སྙམ་པའི་ཐེ་ཚོམ་ཞིག་འགོག་མེད་དུ་འཆར་ཞིང་། མཐོང་བ་ཙམ་གྱིས་ཧ་ཅང་ཡ་མཚར་བ་ཞིག་འདུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大力加圣湖
གནས་ཡུལ།
རྡོ་སྦིས་ཡུལ་ཚོ།
1 ངོ་སྤྲོད་མདོར་བསྡུས།

དར་རྒྱལ་ལྷ་མཚོ་ནི་དར་རྒྱལ་རི་བོའི་སྟེང་དབུས་སུ་ལྟེམས་མེར་འཁྱིལ་ཡོད་ལ། དེ་ལ་དར་རྒྱལ་ལྷ་མཚོ་དཀར་པོ་ཞེས་ཀྱང་འབོད་སྲོལ་ཡོད། མཚོ་མོ་དེའི་རྒྱ་ཁྱོན་ཆེ་རྒྱུ་མེད་ཅིང་དབྱིབས་སྒོར་ཞིང་ཧ་ཅང་དྭངས་མོ་ཞིག་ཡིན། མཚོ་འདི་རྡོ་གསེབ་ཏུ་ཆགས་པས་བལྟས་པ་ཙམ་གྱིས་མཚོ་འདི་ཅིའི་ཕྱིར་བྲག་གསེབ་ནས་བཞུར་མ་སོང་ངམ་སྙམ་པའི་ཐེ་ཚོམ་ཞིག་འགོག་མེད་དུ་འཆར་ཞིང་། མཐོང་བ་ཙམ་གྱིས་ཧ་ཅང་ཡ་མཚར་བ་ཞིག་འདུག དར་རྒྱལ་ལྷ་མཚོ་ལ་མཚོ་གཏེར་འབུལ་བའི་སྲོལ་དེ་བོད་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ཡིན་ལ། ཉིན་མོ་འདིར་རྡོ་སྦིས་ལུང་བའི་སྐྱེས་ཕོ་མོ་རྒན་གཞོན་དང་ཆུང་བྱིས་པ་མང་པོ་མཚོ་ཁར་འདུས་ཏེ། བསང་དང་གསེར་སྐྱེམས་གྱ་ནོམ་པ་ཕུལ་རྗེས་མཚོ་ལ་མཚོ་གཏེར་འབུལ་བ་དང་མཚོ་སྐོར་བྱེད་པ་སོགས་རང་རང་གི་མོས་པ་ལྟར་འགལ་རྐྱེན་བར་ཆད་ཞི་བ་དང་། དཔལ་འབྱོར་ལོངས་སྤྱོད་འཕེལ་བ། ཚེ་དང་བསོད་ནམས་རྒྱས་པ། བུ་དང་བུ་མོ་སྐྱེས་པ་སོགས་ཀྱི་རེ་སྨོན་ཞུ་བ་ཡིན།

བརྡ་འགྲེལ་གདོང་འཛར།

ཡ་རྫི། རྡོ་སྦིས། དར་རྒྱལ་ལྷ་མཚོ།