སྲིབ་ལུང་གོང་མ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-06-06 08:32ལ་འགྲུབ།

སྲིབ་ལུང་གོང་མ།

སྲིབ་ལུང་གོང་མ་ནི་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ཤར་དུ་སྤྱི་ལེ5ཕྱིན་པའི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
斯布龙贡玛
ལ་ཏིང་གི་མིང་།
srib lung gong ma
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་མདོ་བ་ཡུལ་ཚོ།
རིགས་དབྱེ།
ལུང་བ།
རིང་ཚད།
སྤྱི་ལེ11.3།
ཆ་སྙོམས་ཀྱི་ཞེང་ཚད།
སྨི80ཡོད།
གནས་ཡུལ།
རེབ་གོང་རྫོང་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

སྲིབ་ལུང་གོང་མ་ནི་མདོ་བ་ཡུལ་ཚོ་སྲིད་གཞུང་གི་ཤར་དུ་སྤྱི་ལེ5ཕྱིན་པའི་མཚམས་སུ་ཡོད་ལ། ལྷོ་ནས་བྱང་དུ་བསྲིངས་པའི་ལུང་བ་ཞིག་ཡིན། ལུང་བའི་རིང་ཚད་ལ་སྤྱི་ལེ11.3དང་ཆ་སྙོམས་ཀྱི་ཞེང་ཚད་ལ་སྨི80ཡོད། ལུང་བའི་ནང་རྟག་ཏུ་བཞུར་བའི་ཆུ་ཕྲན་ནི་དར་སྣ་ཆུར་འབབ་པ་རེད། ལུང་བའི་འགྲམ་ངོས་གཉིས་ན་སྡོང་ཕྲན་གྱི་ནགས་ཚལ་དང་གཟན་རྩྭ་སྐྱེས་ལེགས་པས་ཕྱུགས་འཚོ་བར་འོས་ཤིང་འཚམས།

ལུང་བ་འདི་ནི་སྲིབ་ངོས་ཀྱི་བྱང་ཟུར་ཏེ་ལུང་བ་གསུམ་གྱི་གོང་དུ་ཡོད་པའི་ལུང་བ་ཞིག་ཡིན་པས་མིང་ཡང་དེ་ལྟར་ཐོགས།