ཧན་ཏུས་ཝན་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 16:40ལ་འགྲུབ།

ཧན་ཏུས་ཝན་སྡེ་བའི་ལབ་ཙེ།

ཧན་ཏུས་ཝན་གྲོང་སྡེ་ནི་ཀའོ་མེའོ་གྲོང་རྡལ(高庙镇)ནས་ཤར་ཕྱོགས་སུ་སྤྱི་ལེ4ཡི་མཚམས་སུ་ཆགས་ཤིང་། ཤར་ཕྱོགས་སུ(蒲家墩)སྡེ་བ་དང་ནུབ་ཏུ(长里)སྡེ་བ་དང་འབྲེལ་ཡོད། ལྷོ་ཕྱོགས་སུ(下沟)སྡེ་བ་བར་འབྲེལ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་མིང་།
旱地湾拉则
རིགས་དབྱེ།
ལབ་ཙེ།
1 ​ངོ་སྤྲོད།

ཧན་ཏུས་ཝན་གྲོང་སྡེ་ནི་ཀའོ་མེའོ་གྲོང་རྡལ(高庙镇)ནས་ཤར་ཕྱོགས་སུ་སྤྱི་ལེ4ཡི་མཚམས་སུ་ཆགས་ཤིང་། ཤར་ཕྱོགས་སུ(蒲家墩)སྡེ་བ་དང་ནུབ་ཏུ(长里)སྡེ་བ་དང་འབྲེལ་ཡོད། ལྷོ་ཕྱོགས་སུ(下沟)སྡེ་བ་བར་འབྲེལ་ཡོད། སྔོན་ཆད་ནས་བཟུང་གནས་འདིར་ཆུ་དཀོན་ལ་ལོ་ཏོག་ཀྱང་མི་སྨིན་པས་ཧན་ཏུས་ཝན་ཞེས་ཐོགས་པ་ཡིན་ཟེར། མཚོ་འཕགས་སྨི1912དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°28′36"དང་། ཤར་གཞུང་ཚད102°34′42"ཡི་སྟེང་དུ་ཡོད། ད་ལྟ་སྡེ་བ་འདིར་ཁྱིམ་ཚང446ཡོད་ལ་མི་གྲངས1864ཡོད། ཁྱིམ་རྒྱུད་ཆེ་བའི་རུས་ལ་ལི(李)ཟེར་བ་དེ་ཡིན། རུས་རྒྱུད་འདི་ནི་མི་ཉག་གི་མི་རྒྱུད་ཡིན་པར་བཤད། གཞན་རྣམས་ནི་རྒྱ་རིགས་ཡིན་ལ་ཧོས་རིགས་དང་ཧོར་རིགས་སོགས་ཀྱི་བུད་མེད་འགའ་རེ་གཉེན་དུ་འོངས་པ་འགའ་ཤས་ཡོད་ཟེར། ཧན་ཏུས་ཝན་སྡེ་བ་འདི་ལ་ལྷ་ཁང་ཞིག་དང་ལབ་ཙེ་སོགས་རིག་གནས་ཤུལ་བཞག་མང་དུ་སྣང་། འོན་ཀྱང་ས་དེའི་སྡེ་མི་རྣམས་ཀྱིས་དུས་ཀུན་མཆོད་འབུལ་བྱེད་པའི་གཞི་བདག་གཙོ་བོ་གང་ཡིན་པ་སོགས་ཤེས་མཁན་མ་བྱུང། གྲོང་སྡེའི་བྱང་ཕྱོགས་ཀྱི་རྟ་ལྔ་ལུང་བ(五马)ནང་དུ་ལབ་ཙེ་ཞིག་ཡོད། མིང་ལ་ལྐུག་པ་ལབ་ཙེ(哑巴俄卜)ཟེར། མཚོ་འཕགས་སྨི1892ཡན་དང་། བཤད་རྒྱུན་ལ་ལབ་ཙེ་འདིར་གནོད་པ་དང་ངན་གྱི་བྱ་བ་ཅུང་ཙམ་ཡང་བྱེད་མི་རུང་ལ། གལ་ཏེ་གནས་དེ་ནས་རྡོ་དང་ས་ཁེམ་གང་འཁྱེར་བ་སོགས་བྱས་ཀྱང་ལབ་ཙེ་འདིའི་གཞི་བདག་རྗེས་དེད་ནས་ཡོང་ཟེར། དེ་ལ་ཕྱིར་བལྟས་དང་དོགས་པ་ཟོས་ན་ནད་དང་བར་ཆད་འབྱུང་ཟེར་རོ༎ ལབ་ཙེ་སྟོད་བྱེད་ནི་རྡོ་དང་ཤིང་། དར་གོས་སོགས་ཡིན། ད་ལྟ་ངེས་གཏན་གྱི་བསྟོད་མཁན་མེད།