རི་རྒན་ནང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:57ལ་འགྲུབ།

རི་རྒན་ནང་།

རི་རྒན་ནང་ནི་ཆུ་ཁོག་ཡུལ་ཚོ་སྲིད་གཞུང་གི་ཤར་དུ་སྤྱི་ལེ12ཕྱིན་པའི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
日干昂
ལ་ཏིང་གི་མིང་།
ri rgan nang
སྲིད་འཛིན་ཁོངས་གཏོགས།
རྨ་ལྷོ་ཁུལ་རེབ་གོང་རྫོང་ཆུ་ཁོག་ཡུལ་ཚོ།
རིགས་དབྱེ།
ལུང་བ།
རིང་ཚད།
སྤྱི་ལེ4།
གནས་ཡུལ།
རེབ་གོང་རྫོང་ཆུ་ཁོག་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་ཡོད།
1 ངོ་སྤྲོད།

རི་རྒན་ནང་ནི་ཆུ་ཁོག་ཡུལ་ཚོ་སྲིད་གཞུང་གི་ཤར་དུ་སྤྱི་ལེ12ཕྱིན་པའི་མཚམས་སུ་ཡོད་དེ། ལྷོ་ནས་བྱང་དུ་བསྲིངས་པའི་ལུང་ཆེན་ཞིག་ཡིན་ལ། ལུང་བའི་རིང་ཚད་ལ་སྤྱི་ལེ4ཡོད། ལུང་བའི་ཞབས་ན་རྟག་ཏུ་བཞུར་བའི་ཆུ་ཕྲན་ནི་ཅ་རིལ་ཁོག་ཏུ་འབབ་པ་དང་། ལུང་བའི་འགྲམ་ངོས་གཉིས་ན་གཟན་རྩྭ་སྐྱེས་ཡོད་པས་ཕྱུགས་འཚོ་བར་འཚམས་པ་ཡིན། ལུང་བ་འདི་ནི་རི་ཆེན་པོ་གཉིས་ཀྱི་བར་དུ་ཡོད་པས་མིང་ཡང་དེ་ལྟར་ཐོགས།