འཆི་བའི་དུས་ཀྱི་མངོན་དུ་བྱ་བའི་འདུ་ཤེས་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-16 10:21ལ་འགྲུབ།

འཆི་བའི་དུས་ཀྱི་མངོན་དུ་བྱ་བའི་འདུ་ཤེས་བཅུ་གཅིག

འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་སྟེ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་ལས་བྱུང་བའི་འཆི་བའི་དུས་ཀྱི་མངོན་དུ་བྱ་བའི་འདུ་ཤེས་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ལ་པ》ཤ241བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་འདུ་ཤེས་བཅུ་གཅིག་བསྟན་པའི་མདོ་སྟེ་བཅོམ་ལྡན་འདས་ཀྱི་ཞལ་ཆེམས་ལས་བྱུང་བ་སྟེ།

1.འདི་ལ་མ་ཆགས་པའི་འདུ་ཤེས།

2.སེམས་ཅན་ཐམས་ཅད་ལ་བྱམས་པའི་འདུ་ཤེས།

3.ཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་དོར་བའི་འདུ་ཤེས།

4.འཆལ་པའི་ཚུལ་ཁྲིམས་ཐམས་ཅད་བཤགས་པའི་འདུ་ཤེས།

5.ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས།

6.ཉེས་པ་ཆེན་པོ་བྱས་པ་དག་ལའང་ཡངས་པའི་འདུ་ཤེས།

7.དགེ་བའི་རྩ་བ་ཆུང་ངུ་དག་ལ་ཆེ་བའི་འདུ་ཤེས།

8.འཇིག་རྟེན་ཕ་རོལ་དག་ལ་འཇིགས་པ་མེད་པའི་འདུ་ཤེས།

9.འདུས་བྱས་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས།

10.ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས།

11.མྱ་ངན་ལས་འདས་པ་ནི་ཞི་བའོ་སྙམ་པའི་འདུ་ཤེས་མངོན་དུ་བྱ་བ་བཅས་སོ།།