བུམ་པ་སོགས་རྒྱུ་རྐྱེན་གྱིས་བྱས་པའི་དངོས་པོ་ཐམས་ཅད་སྐད་ཅིག་རེ་རེར་མི་སྡོད་པར་ངོ་བོ་གཞན་ནས་གཞན་དུ་འགྱུར་བ་འགྲོ་བཞིན་པའི་ཆོས་ལ་གོསྐད་ཅིག་མ་མི་རྟག་པའི་མཚན་ཉིད། གསེར་བུམ། རྫ་མ། སྨྱུ་གུ། དབྱུག་པ། གནམ་གྲུ་སོགས་ལྟ་བུའོ། ། བེམ་པོའམ་གཟུགས་དང་། ཤེས་པ་དང་། ལྡན་མིན་འདུ་བྱེད་གསུམ་ཡོད།རྒྱ་ཡིག་གི་མིང་། 无常 ཕྱི་ཡིག་གི་མིང
20160511
སྐད་ཅིག་རེ་རེ་ནས་གཞན་དུ་འགྱུར་ཞིང་མི་རྟག་པ།རྒྱ་ཡིག 变异无常 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སྐད་ཅིག་རེ་རེ་ནས་གཞན་དུ་འགྱུར་ཞིང་མི་རྟག་པ། 变异无常。一刹那变迁流谢无常之相。
20210809
རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་རྒྱ་ཆེར་བཤད་པ་ལས་བྱུང་བའི་མི་རྟག་པ་ཉིད་རྣམ་པ་བཞི་ལ་གོ་བ་ཡིན།རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་རྒྱ་ཆེར་བཤད་པ་ལས་བྱུང་བ་སྟེ། 1.སོགས་པ་མི་རྟག་པ་ཉིད། 2.ལུས་མི་རྟག་པ་ཉིད། 3.ཕྲད་པ་མི་རྟག་པ་ཉིད། 4.འཆི་བ་མི་རྟག་པ་ཉིད་དོ༎འབྱུང་ཁུངས། 《བསྟན་འགྱུར
20211010
དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ལས་བྱུང་བའི་མི་རྟག་པ་ཉིད་རྣམ་པ་གསུམ་ལ་གོ་བ་ཡིན།དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་ལས་བྱུང་བ་སྟེ། 1.མེད་པའི་དོན་མི་རྟག་པ། 2.སྐྱེ་ཞིང་འཇིག་པའི་དོན་མི་རྟག་པ། 3.དྲི་མ་དང་བཅས་ཤིང་དྲི་མ་མེད་པ་ཉིད་ཀྱི་དོན་མི་རྟག་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་བི་པ》ཤ11བ2ལས་བཏུས། རིགས་དབྱེ
20210421
ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བའི་མུ་སྟེགས་པའི་མི་རྟག་པ་རྣམ་པ་བདུན་ལ་གོ་བ་ཡིན།ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ། 1.དེ་དག་ཁ་ཅིག་འདི་སྐད་དུ་མངོན་པར་འདུས་བྱས་ནས། ཡོངས་སུ་སྤངས་པ་ནི་མི་རྟག་པ་ཉིད་དོ་ཞེས་ཟེར་རོ༎ 2.ཁ་ཅིག་ནི་དབྱིབས་རྣམ་པར་འཇིག་པ
20210423
ཆོས་གང་ཞིག་རྒྱུ་རྐྱེན་དུ་མ་འདུས་པ་ལས་བྱས་པའམ་སྐྱེས་པའི་ཆར་གཏོགས་པ་དེ་ཐམས་ཅད་ནི་སྐད་ཅིག་གིས་སྐྱེ་ཞིང་རང་གྲུབ་པའི་དུས་ལས་སྐད་ཅིག་གཉིས་པར་མི་གནས་པར་འགགས་པས་ན་མི་རྟག་པ་ཞེས་བརྗོད་པ་ཡིན་ཏེ། དཔེར་ན་མར་མེས་སྣུམ་སྐད་ཅིག་སྐད་ཅིག་གིས་ཟད་པར་བྱེད་པ་བཞིན་འདུས་བྱས་ཐམས་ཅད་ཀྱང་དེ་དང་མཚུངས་པར་སྐད་ཅིག་ཀྱང་གནས་པའི་རང་དབང་མེད་དོ
20170911
འདུལ་བ་བསྡུས་པ་ལས་བྱུང་བའི་མི་རྟག་པ་ལ་སོགས་པའི་འདུ་ཤེས་ཉི་ཤུ་ལ་གོ་བ་ཡིན།འདུལ་བ་བསྡུས་པ་ལས་བྱུང་བ་སྟེ། 1.མི་རྟག་པའི་འདུ་ཤེས། 2.མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས། 3.སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས། 4.ཟས་ལ་མི་མཐུན་པའི་འདུ་ཤེས། 5.འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས། 6.ཉེས་དམིགས་སོ་སོར་རྟོག་པའི
20201221
ལྡོག་པ་གཅིག་པས་མ་གྲུབ་པ་གསུམ་གྱི་གྲས། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་སྟེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའོ། །1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ལྡོག་པ་གཅིག་པས་མ་གྲུབ་པ་གསུམ་གྱི་གྲས། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་སྟེ། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པའི་ཕྱིར། ཞེས་པ་ལྟ་བུའོ
20231007
དམིགས་པ་བདེན་བཞི་གང་རུང་ལ་དམིགས་ནས་རྣམ་པ་མི་རྟག་པ་སོགས་གང་རུང་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་སོ། །རྒྱ་ཡིག 声闻道道智 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དམིགས་པ་བདེན་བཞི་གང་རུང་ལ་དམིགས་ནས་རྣམ་པ་མི་རྟག་པ་སོགས་གང་རུང་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་སོ། ། 声闻道道智。缘四谛
20230406
གཏན་ཚིགས་རིག་པའི་སྦྱོར་བའི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ལ་ཟེར། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི་སྦྱོར་བ་ལ་མཚོན་ན། བྱས་པ་དང་མི་རྟག་པ་གཉིས་སོ། །1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གཏན་ཚིགས་རིག་པའི་སྦྱོར་བའི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ལ་ཟེར། དཔེར་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པའི
20231007