ལི་ཀྲི་ཅན།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-12-25 15:41ལ་འགྲུབ།

ལི་ཀྲི་ཅན།

ལི་ཀྲི་ཅན།
ཁོང་ནི་སྤྱི་ལོ1964ལོའི་ཟླ9བར་ཧྲའན་ཞི་ལན་ཐེན་ནས་སྐྱེས་ཤིང་། སྤྱི་ལོ1994ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1987ལོའི་ཟླ7པར་ལས་ཀར་ཞུགས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་བཟོ་རིག་པའི་ཤེས་རམས་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན། ད་ལྟ་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李志健
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ6པ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧྲའན་ཞི་ལན་ཐེན།
མཐར་ཕྱིན་སློབ་གྲྭ།
ཞི་ཨན་འཛུགས་སྐྲུན་ཚན་རྩལ་སློབ་ཆེན།
ལས་ཐོབ།
ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ།
1 ​ངོ་སྤྲོད། 

ཁོང་ནི་སྤྱི་ལོ1964ལོའི་ཟླ9བར་ཧྲའན་ཞི་ལན་ཐེན་ནས་སྐྱེས་ཤིང་། སྤྱི་ལོ1994ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1987ལོའི་ཟླ7པར་ལས་ཀར་ཞུགས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་བཟོ་རིག་པའི་ཤེས་རམས་པ་དང་། ལས་ཐོག་ཞིབ་འཇུག་སློབ་མའི་བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན། ད་ལྟ་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ9བ་ནས་སྤྱི་ལོ1987ལོའི་ཟླ7པའི་བར། དེ་སྔའི་ནུབ་བྱང་ཡང་བའི་བཟོ་ལས་སློབ་གླིང་གི་ཡང་བའི་བཟོ་ལས་སྡེ་ཁག་ནས་སློབ་སྦྱོང་བྱས་ཤིང་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་བླངས།

སྤྱི་ལོ1994ཟླ6པར་དེ་སྔོན་གྱི་ནུབ་བྱང་ཡང་བའི་བཟོ་ལས་སློབ་གླིང་དུ་བཟོ་རིག་རབ་འབྱམས་པའི་བསླབ་གནས་བླངས། སྤྱི་ལོ2004ལོར་ཞི་ཨན་བཟོ་སྐྲུན་ཚན་རྩལ་སློབ་ཆེན་དུ་བཟོ་རིག་འབུམ་རམས་པའི་བསླབ་གནས་བླངས།

སྤྱི་ལོ2003ལོའི་ཟླ5བ་ནས་སྤྱི་ལོ2007ལོའི་ཟླ11བར་ཧྲའན་ཞི་ཚན་རྩལ་སློབ་ཆེན་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ11པ་ནས་སྤྱི་ལོ2010ལོའི་ཟླ6པའི་བར་ཧྲའན་ཞི་ཚན་རྩལ་སློབ་ཆེན་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2015ལོའི་ཟླ7པའི་བར་ཧྲའན་ཞི་ཚན་རྩལ་སློབ་ཆེན་ཤོག་བཟོའི་བཟོ་སྐྲུན་སློབ་གླིང་གི(རྗེས་སུ་ཡང་བའི་བཟོ་ལས་དང་ནུས་རྒྱུ་སློབ་གླིང་ཞེས་མིང་བསྒྱུར)གླིང་གཙོའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ7པ་ནས་སྤྱི་ལོ2015ལོའི་ཟླ11བར་ཧྲའན་ཞི་ཚན་རྩལ་སློབ་ཆེན་ཚན་རྩལ་ཁྲུའུ་ཡི་ཁྲུའུ་ཀྲང་དང་། ཡང་བའི་བཟོ་ལས་དང་ནུས་རྒྱུ་སློབ་གླིང་གི་གླིང་གཙོའི་འགན་བཞེས།

སྤྱི་ལོ2015ལོའི་ཟླ11པ་ནས་སྤྱི་ལོ2020ལོའི་ཟླ5བའི་བར་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་སློབ་གཙོ་གཞོན་པའི་འགན་བཞེས།

སྤྱི་ལོ2020ལོའི་ཟླ5བ་ནས་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སློབ་གཙོའི་འགན་བཞེས།

3 རིག་གཞུང་སྡེ་ཡི་གོ་གནས།

ཧྲའན་ཞི་ཞིང་ཆེན་ཤོག་བཟོ་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་དང་། ཀྲུང་གོ་མཐོ་རིམ་སློབ་གསོ་སློབ་ཚོགས་དོ་དམ་ཡན་ལག་མཐུན་ཚོགས་ཀྱི་ཚོགས་མི། ཧྲའན་ཞི་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་རིགས་གཅིག་མཁས་ཅན་གྱི་ཁོངས་མི། ཨོ་སི་ཁྲུ་ལི་ཡའི་རྒྱལ་བཙུགས་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་ཟབ་སྦྱོང་མཁས་ཅན་བཅས་ཡིན།

4 ལས་གནས་བསྐོ་འཐེན།

སྤྱི་ལོ2020ལོའི་ཟླ5བའི་ཚེས28ཉིན་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱིས་ལས་བྱེད་པའི་གོ་གནས་བསྐོ་འཐེན་གྱི་ཁྱབ་བསྒྲགས་ཚོགས་ཆེན་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་ཧྲའན་ཞི་ཞིང་ཨུའི་བློ་མཐུན་ལི་ཀྲི་ཅན་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲའན་ཞི་ཚན་རྩལ་སློབ་ཆེན་གྱི་སློབ་གཙོའི་འོས་མིར་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས། 

5 གཙོ་ཁྲིད་སློབ་ཚན།

《སྐྱོ་མ་བཟོ་བའི་ཤོག་བཟོའི་བཟོ་རྩལ་རིག་པ》དང《ཤོག་བཟོའི་བཟོ་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་གཏོང་བ》《ཁོར་ཡུག་ལས་གྲྭའི་རྩ་བའི་རིགས་པ》《ཆུའི་སྦགས་བཙོག་ཚོད་འཛིན་ལས་གྲྭ》《ཁོར་ཡུག་སྐྱེ་དངོས་ཕྲ་རབ་ཀྱི་ལག་རྩལ》《བཙོག་ཆུ་གཙང་སེལ་ལས་གྲྭའི་ཇུས་འགོད》《སྐྱ་མདོག་མ་ལག་གི་རིགས་པའི་གཞུང་ལུགས་དང་བཀོལ་སྤྱོད》སོགས་དངོས་གཞི་དང་ཞིབ་འཇུག་སློབ་མར་སློབ་ཁྲིད་བྱེད་བཞིན་ཡོད།

6 ཞིབ་འཇུག་ཁ་ཕྱོགས།

ཨར་འདམ་བཟོ་བའི་ལག་རྩལ་གསར་བ་དང་། ཡང་བའི་བཟོ་ལས་ཀྱི་སྦགས་བཙོག་ཚོད་འཛིན། ནུས་བསྲི་སྙིགས་འཕྲིའི་ལག་རྩལ་གསར་བ། ཤོག་བུའི་རྒྱུ་ཆ་པར་སྐྲུན་འོས་འཚམ་རང་བཞིན་བཅས།

7 བྱ་དགའ།

ཧྲའན་ཞི་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་བྱ་དགའ4ཐོབ། རྒྱལ་ཁབ་རིམ་པའི་སློབ་ཚན་རྩེ་གྲ་ཚོགས་པའི་ཁོངས་མི། རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ་བཅས་ཐོབ།

དཔྱད་གཞིའི་ཡིག་ཆ།