ཙུའོ་ཡའོ་ཧྥེང་།སྔ་མའི་པར་གཞི་དེ སེང་ལྡེང་མཚོ།  ནས 2019-08-19 15:37ལ་འགྲུབ།

ཙུའོ་ཡའོ་ཧྥེང་།

ཙུའོ་ཡའོ་ཧྥེང་།
ཁོང་ནི་སྤྱི་ལོ1962ལོའི་ཟླ4པར་སྐྱེས་པ་དང། ཧྲན་ཞི་ཧན་གྲོང་ཁྱེར་ཀྱི་མི་ཡིན། སྤྱི་ལོ1983ལོའི་ཟླ8པར་བྱ་བར་ཞུགས་པ་དང་། སྤྱི་ལོ1996ལོའི་ཟླ3པར་ཏང་ནང་དུ་ཞུགས། དངོས་གཞིའི་བསླབ་གནས་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་ལུ་ཏོའུ་ཁུལ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
左耀锋
རྒྱལ་ཁབ།
ཀྲུང་གོ
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧྲན་ཞི་ཧན་གྲོང་ཁྱེར།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ4པ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1962ལོའི་ཟླ4པར་སྐྱེས་པ་དང། ཧྲན་ཞི་ཧན་གྲོང་ཁྱེར་ཀྱི་མི་ཡིན། སྤྱི་ལོ1983ལོའི་ཟླ8པར་བྱ་བར་ཞུགས་པ་དང་། སྤྱི་ལོ1996ལོའི་ཟླ3པར་ཏང་ནང་དུ་ཞུགས། དངོས་གཞིའི་བསླབ་གནས་ལྡན། ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་དང་ལུ་ཏོའུ་ཁུལ་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་གྱིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1983ལོའི་ཟླ8པ་ན་སྤྱི་ལོ1984ལོའི་ཟླ9པའི་བར། མཚོ་སྔོན་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་གི་ཚན་རིག་སློབ་གསོ་ཁྲུའུ་རུ་བྱ་བ་གནང་།

སྤྱི་ལོ1984ལོའི་ཟླ10པ་ནས་སྤྱི་ལོ1995ལོའི་ཟླ3པའི་བར།  མཚོ་སྔོན་ཞིང་ཆེན་ཚན་རྩལ་ཨུ་ལྷན་གྱི་འཆར་འགོད་ཁྲུའུ་དང་བཟོ་ལས་འགྲིམ་འགྲུལ་ཁྲུའུ་ཡི་ལས་དོན་ལ་སྔ་རྗེས་སུ་ཁོའོ་ཡོན་དང་། ཀྲུའུ་རེན་གྱི་ཁོའོ་ཡོན་གཞོན་པ། ཀྲུའུ་རེན་ཁོའོ་ཡོན། ཁྲུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1995ལོའི་ཟླ4པ་ནས་སྤྱི་ལོ1998ལོའི་ཟླ7བར། ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ7པ་ནས་སྤྱི་ལོ1999ལོའི་ཟླ6པའི་བར། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ1999ལོའི་ཟླ7པ་ནས་སྤྱི་ལོ2000ལོའི་ཟླ7པའི་བར། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་འཕེལ་རྒྱས་འཆར་གཞི་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2005ལོའི་ཟླ8པ་ནས་སྤྱི་ལོ2009ལོའི་ཟླ1པོའི་བར།   མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གི་མཐོ་གསར་ལག་རྩལ་འཕེལ་རྒྱས་དང་ཐོན་ལས་་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས། 

སྤྱི་ལོ2009ལོའི་ཟླ1པོ་ནས་སྤྱི་ལོ2011ལོའི་ཟླ4པའི་བར། ལུ་ཏུའོ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ4པར། ལུ་ཏུའོ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ7པར། མཚོ་ཤར་གྲོང་ཨུའི་རྒྱུན་ཨུའི་འགན་བཞེས།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2013ལོའི་ཟླ7པའི་ཚེས2ཉིན་མཚོ་ཤར་གྲོང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་མཚོ་ཤར་གྲོང་ཨུའི་རྒྱུན་ཨུ་ལ་བདམས་ཐོན་བྱུང་།    

སྤྱི་ལོ2016ལོའི་ཟླ11པར་ཙུའོ་ཡའོ་ཧྥུང་མཚོ་ཤར་གྲོང་ཨུའི་རྒྱུན་ཨུ་ལ་བདམས།