ཡི།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡི།

1.རྣམ་དབྱེ་དྲུག་པའི་རྐྱེན་ཏེ་འ་དང་མཐའ་མེད་ལ་འཐོབ་པའི་འབྲེལ་སྒྲ། 2.ཡིད་དམ་སེམས།
1 ལོ་ཙཱ།

རྒྱ་ཡིག 1. 意;2. 的,之

དབྱིན་ཡིག 1.mind; 2.genitive particle(used after vowels)

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ཀྱི་ལ་ལྟོས། ②སེམས་སམ་ཡིད་ཀྱི་མིང་སྟེ། དཀའ་རུང་ཡི་མ་འཆད། ལྟོགས་ཀྱང་ཡི་མ་མུག གཞན་གྱི་ཡོན་ཏན་ལ་ཡི་རང་བ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  ལྷ་ཡི་མི་ཡི་ཟེར་བ་ལྟ་བུ་དྲུག་སྒྲ།  的,之,如天的,人的,第六啭声。【增】①数目符号54。②在混合字种有时替代ཡིད། ﹝达﹞

3.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ❶ཡིད། 名词。意:ཡི་རང་བ། 合意。ཡི་གུ་དོག心量狭窄。ཡི་བྲེལ་བ། 心慌意乱。❷རྣམ་དབྱེ་དྲུག་པའི་རྐྱེན་ཏེ་འ་དང་མཐའ་མེད་ལ་འཐོབ་པའི་འབྲེལ་སྒྲ། 助词。的,之,后加字འ及无后加字时所用领属词。

4.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  ཕྲད་ཚིག①མིང་གོང་འོག་གཉིས་ཀྱི་བར་དུ་སྦྱར་བའི་ཚེ། མིང་དེ་གཉིས་བར་གྱི་འབྲེལ་བ་དེ་བདག་ཉིད་གཅིག་པའི་འབྲེལ་བ་ཡིན་པ་གསལ་པོར་སྟོན་པ་ཞིག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན།   དཔེར་ན། གཡུ་ཡི་མེ་ལོང་ཞེས་པ་ལྟ་བུ།  ②མིང་གོང་འོག་གཉིས་ཀྱི་བར་དུ་སྦྱར་བའི་ཚེ། མིང་དེ་གཉིས་བར་གྱི་འབྲེལ་བ་དེ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ཡིན་པ་གསལ་པོར་སྟོན་པ་ཞིག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན།  དཔེར་ན། ང་ཡི་རྐང་ལག་ཅེས་པ་ལྟ་བུ། ③མིང་གོང་འོག་གཉིས་ཀྱི་བར་དུ་སྦྱར་བའི་ཚེ། མིང་དེ་གཉིས་བར་གྱི་འབྲེལ་བ་དེ་བདག་པོ་དང་ཡུལ་གྱི་འབྲེལ་བ་ཡིན་པ་གསལ་པོར་སྟོན་པ་ཞིག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན།  དཔེར་ན། ང་ཡི་སྨྱུ་གུ་ཞེས་པ་ལྟ་བུ། ④མིང་གོང་འོག་གཉིས་ཀྱི་བར་དུ་སྦྱར་བའི་ཚེ། མིང་དེ་གཉིས་བར་གྱི་འབྲེལ་བ་དེ་རྟེན་དང་བརྟེན་པའི་འབྲེལ་བ་ཡིན་པ་གསལ་པོར་སྟོན་པ་ཞིག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན། དཔེར་ན། རྫ་ཁ་ཡི་འབྲོང་ཞེས་པ་ལྟ་བུ། ⑤ཚིགས་བཅད་ཀྱི་རྐང་པ་ཁ་སྐོང་དགོས་པའི་ཚེ། ཚིགས་བཅད་ཀྱི་དཀྱིལ་དང་མཇུག་གང་རུང་ལ་འཇུག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན། དཔེར་ན། སྐྱེས་པ་རབས་ཀྱི་གླེང་གཞི་ལས། ཡོན་ཏན་བཅུ་དང་ལྡན་པ་ཡི། །ཞེས་པ་ལྟ་བུ།  ⑥ མི་མཐུན་པའི་ཚིག་རྒྱན་ལ་འཇུག་སྟེ། འཇུག་ཚུལ་ནི། རྗེས་འཇུག་འ་དང་། མཐལ་རྟེན་མེད་པའི་རྗེས་སུ་འཇུག་པ་ཡིན། དཔེར་ན། དགྲ་ལ་འཐབ་པ་ནི་སླ་ཡི་མགོ་སྒུར་བ་ནི་དེ་ལྟར་མ་ཡིན་ནོ་ཞེས་པ་ལྟ་བུ།

མིང་ཚིག ཡིད་དམ་སེམས། དཔེར་ན། དྲིན་ཅན་ཡི་མི་གཅོད་ཅིང་བཟང་ལན་འཇལ། གཞན་གྱི་བྱ་བཟང་སྤྱོད་བཟང་ལ་རྗེས་སུ་ཡི་རང་བྱས་ལྟ་བུ།