ཡར།སྔ་མའི་པར་གཞི་དེ ཆོས་དབྱིངས།འཕགས་མོ།  ནས 2019-07-12 15:40ལ་འགྲུབ།

ཡར།

རིམ་པ་གོང་མའམ་སྟོད་ཕྱོགས།
1 ལོ་ཙཱ།

རྒྱ་ཡིག 上,前

དབྱིན་ཡིག up, upwards

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①རིམ་པ་གོང་མའམ་ཐོག་ཕྱོགས་ཏེ། ཡར་ཞུ། ཡར་འབུལ། གནམ་ལ་ཡར་བལྟས། ཡར་འགྲོ་ཞེས་པ་ལྟ་བུ། ②ལེགས་པའི་ཕྱོགས་ཀྱི་མིང་སྟེ། ཁ་མིག་ཡར་ལྟ། ཡར་འགོ་ཡར་འཐེན། བསམ་པ་ཡར་སེམས། སྤྱི་དོན་ལ་ཡར་གཏོག རིགས་རྒྱུད་འཆར་བཀོད་ལྟར་སྤེལ་བར་ཡར་བཤོལ་ཞེས་པ་ལྟ་བུ།

2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  名词。①ཡས་མས་གཉིས་ཀྱི་ཡས། 上,前:ཡར་འཁྱམ་མར་མྱུལ། 东游西荡。ཡར་བཤད་མར་བཤད། 东拉西扯。ཡར་རླངས་ཤོར་དང༌། མར་ཐིགས་ཤོར་མེད་པ། 上不冒气,下不滴漏。②འཕར་བའམ་འཐོར་བ། 跳跃,散失:ཁོང་གི་མགོ་ལ་ཡར་རྡོ་ཕོག་ནས་རྨ་བཟོས་འདུག他的头部被飞石击中,打伤了。

3.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག རིམ་པ་གོང་མའམ་སྟོད་ཕྱོགས།  དཔེར་ན། གོ་ས་ཡར་འཕར། ང་ཚོ་ཡར་འགྲོ་ལྟ་བུ། ལྡོག་ཚིག མར།

བྱ་ཚིག བྱ་བྱེད་ཐ་མི་དད་པ། དུས་གསུམ་ཐོར་བུ་པ། གཟུགས་མི་འགྱུར་བ། རྡོ་དང་ཤིང་དུམ་སོགས་མགྱོགས་པོ་འཕར་བ་དང་འཐོར་བའི་དོན། དཔེར་ན། རྡོ་ཡར་ནས་མགོ་ལ་ཕོག ལྕགས་རྩི་ཡར་ལྟ་བུ།