དུད་སྐམ་ལྕ་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 10:34ལ་འགྲུབ།

དུད་སྐམ་ལྕ་བརྔོས།

དུད་སྐམ་ལྕ་བརྔོས།
དུད་སྐམ་ལྕ་བརྔོས་ཞེས་པ་ལྕ་ཚལ་དང་། དུད་སྐམ། ཚྭ། བྱ་རྩི། རྩི་ཤིང་སྣུམ་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
熏干炒芹菜
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
སོབ་ལ་ཞིམ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ལྕ་ཚལ་ཁེ200 དུད་སྐམ་ཁེ100 ཚྭ་ཁེ2 བྱ་རྩི་ཁེ1 རྩི་ཤིང་སྣུམ25

2 ལས་རིམ།

1.ལྕ་ཚལ་བདམས་ནས་གཙང་མར་བཀྲུ། གྲི་ཁ་གསེག་ནས་སྲབ་མོར་གཞོག དེ་ནས་དུད་སྐམ་སྲབ་མོར་གཏུབ། 2.སླ་ངའི་སྣུམ་གྱི་ཚ་ཚད་སེ་དྲོད170ལ་སླེབས་ཚེ་ལྕ་ཚལ་དང་དུད་སྐམ་གཉིས་འཕེན། དེ་ནས་ཚྭ་བཏབ་ནས་སྐར་མ2ཙམ་ལ་ངར་རྔོ་བྱེད། མཐའ་མཇུག་བྱ་རྩི་འཕངས་ནས་སླ་ང་ལས་ཕྱིར་བཏོན་པས་ཆོག

3 ཁྱད་ཆོས།

ཞིམ་ཅིང་སོབ་ལ་ཁར་ཡང་འཕྲོད།

4 གནད་སྒོ།

ལྕ་ཚལ་གསེག་གཅོད་བྱས་པ་ཕྲ་ན་ཆད་སླ་བ་དང་། དུད་སྐམ་ཧ་ཅང་མཐུག་མི་རུང་།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་ བཟའ་བ། དཀར་ཟས།