རྗེན་ཚལ་རྐྱང་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-19 10:38ལ་འགྲུབ།

རྗེན་ཚལ་རྐྱང་བརྔོས།

རྗེན་ཚལ་རྐྱང་བརྔོས།
རྗེན་ཚལ་རྐྱང་བརྔོས་ཞེས་པ་ཚལ་རྗེན་དང་། ཙོང་། བཅའ་ལྒའི་ལྕུག་མ། རྩི་ཤིང་སྣུམ། སྲན་སྣུམ། ཚྭ། གཡོས་ཆང་། བྱ་རྩི་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
清炒生菜
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
བྲོ་བ་མངར།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཚལ་རྗེན་ཁེ400 ཙོང་དང་བཅའ་ལྒའི་ལྕུག་མ་གཉིས་ཁེ10རེ། རྩི་ཤིང་སྣུམ་ཁེ50 སྲན་སྣུམ་ཁེ10 ཚྭ་དང་གཡོས་ཆང་། བྱ་རྩི་གསུམ་ཚད་རན་རེ།

2 ལས་རིམ།

1.ཚལ་རྗེན་ལྷེབ་མ་རེ་རེ་བཞིན་བཤུས་ནས་གཙང་མར་བཀྲུ་ཞིང་ལེབ་མོར་དབྲལ། 2.སླ་ངའི་ནང་དུ་རྩི་ཤིང་སྣུམ་བླུགས་ནས་ཚ་ཚད་སེ་དྲོད170བར་དུ་བསྲོ། དེ་ནས་ཙོང་དང་བཅའ་ལྒའི་ལྕུག་མ་སྣུམ་རྔོ་བྱེད། བྱ་རྩི་གསུམ་འཕེན། བསྐྱར་རྔོ་བྱས་ནས་བྲོ་བ་སྙོམས་པར་བྱེད་དོ། །

3 ཁྱད་ཆོས།

དྭངས་བསིལ་བདེ་སྦྱིན་བྲོ་བ་ལྗགས་ལ་སིམ།

4 གནད་སྒོ།

ཚལ་རྗེན་ཐོག་གི་བྱེ་འདམ་གཙང་མར་བཀྲུ། ཚལ་ལྷེབ་དབྲལ་བ་ཆེ་ཆུང་རན་པ་དགོས།


བརྡ་འགྲེལ་གདོང་འཛར།

འཚོ་བ། བཟའ་བཏུང་། བཟའ་བ། དཀར་ཟས།