ཚལ་སྣག་སྨྱུག་བརྔོས།སྔ་མའི་པར་གཞི་དེ ཚེ་དོན།577  ནས 2019-06-20 14:53ལ་འགྲུབ།

ཚལ་སྣག་སྨྱུག་བརྔོས།

ཚལ་སྣག་སྨྱུག་བརྔོས།
ཚལ་སྣག་སྨྱུག་བརྔོས་ཞེས་པ་ཚལ་སྣག་དང་། སྨྱུག་རྩའི་ནང་ཤ རྩི་ཤིང་སྣུམ། ཚྭ། ཏིལ་སྣུམ། བྱ་རྩི་བཅས་གཡོས་སྦྱོར་བྱས་པའི་བཟའ་བཅའ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
笋肉炒菠菜
ཁྱབ་ཁོངས།
བཟའ་བཅའ།
ཁྱད་ཆོས།
རོ་གསར་བྲོ་བ་མགྲེ་ཞིང་ཞིམ།
རིགས་དབྱེ།
དཀར་ཟས།
1 རྒྱུ་ཆ།

ཚལ་སྣག་ཁེ300 སྨྱུག་རྩའི་ནང་ཤ་ཁེ50 རྩི་ཤིང་སྣུམ་ཁེ30 ཚྭ་ཚད་རན། ཏིལ་སྣུམ་ཁེ10 བྱ་རྩི་ཉུང་ཙམ།

2 ལས་རིམ།

1.ཚལ་སྣག་གཙང་མར་བཀྲུས་ནས་རིང་ཐུང་ལ་སྨི་བརྒྱ་ཤས4ཡི་ཚོད་དུ་གཏུབ། སྨྱུག་རྩིའི་ནང་ཤ་ལེབ་གཏུབ་སྲབ་མོ་བྱ། 2.བརྔོ་སླང་མེ་ཆེན་ཁར་བསྐྱོན་ནས་ཁོལ་བར་བསྲོ། རྩི་ཤིང་སྣུམ་བླུགས་ནས་ཚ་ཚད་སེ་དྲོད180ལ་ཐོན་དུས་ཚལ་སྣག་དང་སྨྱུག་རྩའི་ནང་ཤ་གཉིས་འཕེན། དུས་ཚོད་སྐར་མ1ཡས་མས་སུ་བརྔོ། 3.བརྔོས་ནས་ཚལ་སྣག་གི་ལོ་འདབ་ལྗང་ནག་གི་སྟེང་ནས་སྣུམ་འོད་མངོན་དུས་ད་གཟོད་བྱ་རྩི་དང་ཚྭ་གཉིས་འཕེན། སྐྱར་རྔོ་ལན་འགའ་བྱས་རྗེས་ཏིལ་སྣུམ་བྲན་ཏེ་སྙོམས་པོར་བརྔོས་རྗེས་སླ་ང་ལས་བཏོན་པས་ཆོག

3 ཁྱད་ཆོས།

རོ་གསར་བྲོ་བ་མགྲེ་ཞིང་ཁ་ལ་ཞིམ།

4 གནད་སྒོ།

བཟང་ཤོས་ནི་ཚལ་སྣག་གི་ལོ་མ་བླངས་ནས་བརྔོ་བའོ། །