ཧོ་རམ་རྫ་རྒན།སྔ་མའི་པར་གཞི་དེ གཡུ་འབྲུག  ནས 2016-09-28 09:51ལ་འགྲུབ།

ཧོ་རམ་རྫ་རྒན།

ཧོ་རམ་རྫ་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཡུལ་ཚོ་མངའ་ཁོངས་ཀྱི་རྫ་རི་ཞིག་ཡིན་ལ། རྟ་ནག་མ་ཡུལ་ཚོ་བྲག་འཁྱོག་སྡེ་བའི་ལྷོ་ཕྱོགས་ན་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4659དང་། རིང་ཚད་ལ་ཧ་ལམ་སྤྱི་ལེ2། ཞེང་ཚད་ལ་ཧ་ལམ་སྤྱི་ལེ10ལྷག་བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍然匝甘
ལ་ཏིང་གི་མིང་།
ho ram rdza rgan
སྲིད་འཛིན་ཁོངས་གཏོགས།
མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཡུལ་ཚོ།
མཚོ་འཕགས།
སྨི4659
རིང་ཚད།
སྤྱི་ལེ2
གནས་ཡུལ།
རྟ་ནག་མ་ཡུལ་ཚོ་བྲག་འཁྱོག་སྡེ་བའི་ལྷོ་ཕྱོགས་ན་ཡོད།
1 ངོ་སྤྲོད།

ཧོ་རམ་རྫ་རྒན་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རྟ་ནག་མ་ཡུལ་ཚོ་མངའ་ཁོངས་ཀྱི་རྫ་རི་ཞིག་ཡིན་ལ། རྟ་ནག་མ་ཡུལ་ཚོ་བྲག་འཁྱོག་སྡེ་བའི་ལྷོ་ཕྱོགས་ན་ཡོད། འདིའི་མཐོ་ཚད་ལ་མཚོ་ངོས་ལས་སྨི4659དང་། རིང་ཚད་ལ་ཧ་ལམ་སྤྱི་ལེ2། ཞེང་ཚད་ལ་ཧ་ལམ་སྤྱི་ལེ10ལྷག་བཅས་ཡོད། འདིར་རྒྱུན་དུ་འབབ་བཞིན་པའི་ཆུ་ཞིག་ཡོད་ཅིང་། ཤ་བ་དང་གནའ་བ།  གཡི་གར་ལ་སོགས་པའི་རི་དྭགས་ཡོད་ལ་ལྕགས་གཏེར་ཡང་ཡོད་པར་གྲགས། འདི་སོག་བོད་སྐད་གཉིས་སྦྲགས་མའི་ས་མིང་ཞིག་ཡིན།  ཧོ་རམ་ནི་སོག་སྐད་དེ།  གཡའ་མ་ཅན་གྱི་རི་ཞེས་པའི་དོན་ཡིན་པར་བཤད།  རི་འདི་ནི་གཡའ་མ་ཅན་གྱི་རྫ་རི་མཐོན་པོ་ཞིག་ཡིན་པས་མིང་ཡང་དེ་སྐད་དུ་ཐོགས།