དབྱང་ཀྲེན་ལིན།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-09-01 08:27ལ་འགྲུབ།

དབྱང་ཀྲེན་ལིན།

དབྱང་ཀྲེན་ལིན།
ཁོ་ནི་སྤྱི་ལོ1972ལོའི་ཟླ9བར་སྐྱེས་ཤིང་། ཀན་སུའུ་ཐེ་བོའི་མི་ཡིན། སྤྱི་ལོ1994ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཀན་སུའུ་ཞིང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། སྤྱི་ལོ1995ལོའི་ཟླ7པར་བྱ་བར་ཞུགས། ད་ལྟ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་སོགས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨振林
སྐྱེས་ཡུལ།
ཀན་སུའུ་ཐེ་བོ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1972ལོའི་ཟླ9བ།
མི་རིགས།
བོད་རིགས།
1 མི་སྣའི་བརྒྱུད་རིམ།

སྤྱི་ལོ1991ལོའི་ཟླ9བ་ནས་སྤྱི་ལོ1995ལོའི་ཟླ6པར་ནུབ་བྱང་དགེ་འོས་སློབ་ཆེན་གློག་སློབ་ཚན་ཁག་གི་གློག་སློབ་ཆེད་ལས་སུ་སློབ་གཉེར་བྱས།

སྤྱི་ལོ1995ལོའི་ཟླ6པ་ནས་སྤྱི་ལོ1998ལོའི་ཟླ12པར་ཁུལ་ཨུའི་རྩ་འཛུགས་པུའུ་རུ་ལས་གཉེར་བྱས།

སྤྱི་ལོ1998ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ3པར་ཁུལ་ཨུའི་རྩ་འཛུགས་པུའུ་ཁའོ་རིམ་པ་གཞོན་པའི་རྩ་འཛུགས་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ3པར་ཁུལ་ཨུའི་རྩ་འཛུགས་པུའུ་ཁའོ་རིམ་པ་རྒན་པའི་སྒྲིག་འཛུགས་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ3པ་ནས་སྤྱི་ལོ2002ལོའི་ཟླ8པར་ཁུལ་ཨུའི་རྩ་འཛུགས་པུའུ་གསོ་སྦྱོང་ཁའོ་ཡི་ཁོའོ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ8པ་ནས་སྤྱི་ལོ2005ལོའི་ཟླ8པར་ཁུལ་ཨུའི་རྩ་འཛུགས་པུའུ་ལས་བྱེད་པ་སློབ་གསོ་ཁའོ་ཡི་ཁའོ་ཀྲང་གི་འགན་བཞེས།

སྤྱི་ལོ2005ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ5བར་ཁུལ་ཤེས་ལྡན་པའི་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ5བ་ནས་སྤྱི་ལོ2008ལོའི་ཟླ1པོར་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་པུའུ་དོན་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ1པོ་ནས་སྤྱི་ལོ2011ལོའི་ཟླ9བར་ཀྲུང་གུང་ལིན་ཐན་རྫོང་ཨུའི་རྒྱུན་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ9བ་ནས་སྤྱི་ལོ2013ལོའི་ཟླ10བར་ཀྲུང་གུང་ལིན་ཐན་རྫོང་ཨུའི་རྒྱུན་ཨུ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ10བ་ནས་སྤྱི་ལོ2014ལོའི་ཟླ7པར་ཀྲུང་གུང་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2014ལོའི་ཟླ7པ་ནས་སྤྱི་ལོ2019ལོའི་ཟླ2པར་ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཁུལ་ཨུ་ཚོགས་འདུ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་། གཞུང་ལས་ཁང་གི་ཀྲུའུ་རེན་སོགས་ཀྱི་འགན་བཞེས།

སྤྱི་ལོ2019ལོའི་ཟླ2པ་ནས་སྤྱི་ལོ2020ལོའི་ཟླ4བར་ཀན་ལྷོ་ཁུལ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2020ལོའི་ཟླ4བ་ནས་སྤྱི་ལོ2021ལོའི་ཟླ7པར་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ7པ་ནས་སྤྱི་ལོ2021ལོའི་ཟླ9བར་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་བསང་ཆུ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2021ལོའི་ཟླ9བ་ནས་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་བསང་ཆུ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའི་འགན་བཞེསགཔ་ཡིན།

སྤྱི་ལོ2021ལོའི་ཟླ9བ་ནས་སྤྱི་ལོ2025ལོའི་ཟླ3པའི་བར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་རྒྱུན་ཨུ་དང་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་འགན་བཞེས།

སྤྱི་ལོ2025ལོའི་ཟླ3པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་འགན་བཞེས།

སྤྱི་ལོ2026ལོའི་ཟླ3པར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་གཞོན་པ། ལས་ཚབ་ཁུལ་དཔོན་སོགས་ཀྱི་འགན་བཞེས།

སྤྱི་ལོ2026ལོའི་ཟླ4བར་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཁུལ་དཔོན་སོགས་ཀྱི་འགན་བཞེས།

2 ལས་འགན།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་འཐུས་མི་དང་། ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི(ཀྲུང་གོ་གུང་ཁྲན་ཏང་ཀན་སུའུ་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས)ཡིན།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2026ལོའི་ཟླ3པར་གྲོང་ཁྱེར(ཁུལ)སྲིད་གཞུང་གིས་ཁུལ་དཔོན་གྱི་འོས་མིར་མིང་འདོན་བྱས།

སྤྱི་ལོ2026ལོའི་ཟླ3པའི་ཚེས23ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་བའི་ཐོག་དབྱང་ཀྲེན་ལིན་གྱིས་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་ལས་ཚབ་ཁུལ་དཔོན་གྱི་འགན་བཞེས་པའི་གྲོས་འཆམ་བྱུང་།

སྤྱི་ལོ2026ལོའི་ཟླ4བའི་ཚེས16ཉིན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བདུན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཁྲིམས་ལྟར་དབྱང་ཀྲེན་ལིན(བོད་རིགས)གྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་་གྱི་འགན་བཞེས་པའི་གསབ་འདེམས་བྱས།

4 ལས་བགོས།

ཁུལ་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བྱ་བ་གཙོ་སྐྱོང་བྱེད་པ་དང་། རྩིས་བཤེར་ཐད་ཀྱི་ལས་འགན་འཁུར་བ་མ་ཟད། ཁུལ་རྩིས་བཤེར་ཅུའུ་དང་ཁུལ་སྲིད་གཞུང་ཞིབ་འཇུག་ཁང་ལ་གཙོ་གཉེར་བྱེད་པ་ཡིན།


དཔྱད་གཞིའི་ཡིག་ཆ།