རྒྱ་ཡིག 圆圈, 数字0,精华,明点,精液
དབྱིན་ཡིག 1.sperm 2.zero 3.the essence
1.དག་ཡིག་གསར་བསྒྲིགས་ལས། ①སྟག་གཟིག་སོགས་ཀྱི་པགས་པའི་སྟེང་གི་རི་མོའི་མིང་། ②དེ་དང་རྣམ་པ་མཚུངས་པའི་མདོག་གི་མིང་སྟེ། ཕྲུག་ཐིག་ལེ་ཅན། རས་ཕྲུག་ཐིག་ལེ་ཅན་ཞེས་པ་ལྟ་བུ། མིང་མཐའ་བསྡུས་ན་ཐིག་ཅེས་འབྲི་ཆོག་སྟེ། དམར་ཐིག ནག་ཐིག ཤེའུ་ཐིག་ཅེས་པ་ལྟ་བུ། ③ཨང་ཀིའི་གྲངས་གནས་སྟོང་བ་འཛིན་པའི་རྟགས 0 འདིའི་མིང་སྟེ། སྒྱུར་བགོ་བར་སྟོང་ཐིག་ལེས་འཛིན་ལྟ་བུ། ④དཀྱིལ་སྙིང་གི་དོན་ཏེ། གྲོགས་མཆོག་སྙིང་གི་ཐིག་ལེ། མན་ངག་སྙིང་གི་ཐིག་ལེ་ཞེས་པ་ལྟ་བུ། ⑤སྐྱེས་པ་དང་བུད་མེད་ཀྱི་མི་རྒྱུད་ཕྱི་མ་བསྐྱེད་པའི་ས་བོན་གྱི་མིང་།
2.བརྡ་དག་མིང་ཚིག་གསལ་བ་ལས། ཁུ་བ་ཁམས་དཀར་པོ་དང་རྟགས། 1.精液。标记。【增】刺于额前的星点,作为装饰。2.孔雀翎上的眼。3.集中。4.卓越。5.图画,记号,斑点。6.完全。7.特殊。8.零。无有。9.在打坐中观想吸精液入动脉管,又指精液自身。10.喻为 ཀླང་པོ། ﹝达﹞字旁的圈圈。﹝四﹞
3.དུང་དཀར་ཚིག་མཛོད་ཆེན་མོ་ལས། བླ་མ་དང་ལྷག་པའི་ལྷའི་ཐུགས་ཀར་སྐད་ཅིག་གིས་འཕང་བར་བྱེད་པའི་ཏིང་ངེ་འཛིན།
4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། ①ཀླད་ཀོར། ②གྲངས་གནས་འཛིན་བྱེད་ཀྱི་ཐིག་ལེ། མིང་གི་རྣམ་གྲངས་ལ་སྟོང་པ་དང་ནམ་མཁའོ།། ③ཉིང་ཁུ། སྙིང་གི་ཐིག་ལེ། ④གསང་སྔགས་ལས་གསལ་བའི་རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་སྣ་ཚོགས་ཀྱི་རྣམ་པར་གནས་པའོ། ། མིང་གི་རྣམ་གྲངས་ལ་ཀུནྡ་དང་། ཁམས་དཀར་པོ། ཁུ་བ། དྭངས་མ། ས་བོན་བཅས་སོ། །
6.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། 名词。 ①ཀླད་ཀོར། 圆圈,圆图团点子。②གྲངས་གནས་འཛིན་བྱེད་ཀྱི་ཐིག་ལེ། 数字0。མིང་གི་རྣམ་གྲངས་ལ་སྟོང་པ་དང་ནམ་མཁའོ།། ③ཉིང་ཁུ། 精华,精髓:སྙིང་གི་ཐིག་ལེ། 中心,精要。④གསང་སྔགས་ལས་གསལ་བའི་རྩ་ཐིག་རླུང་གསུམ་གྱི་ཟླས་ཕྱེ་བའི་ཐིག་ལེ་སྟེ་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་དུ་གྱུར་པ། རྩ་རྣམས་ཀྱི་གནས་སུ་དྭངས་སྙིགས་སྣ་ཚོགས་ཀྱི་རྣམ་པར་གནས་པའོ། ། 明点,精液。密乘所说体内风、脉、明点三者中之明点,是大乐的精髓或种子,以种种精华、糟粕的形式存在于体内脉到之中。མིང་གི་རྣམ་གྲངས་ལ་ཀུནྡ་དང་། ཁམས་དཀར་པོ། ཁུ་བ། དྭངས་མ། ས་བོན་བཅས་སོ། །