ལྷ་བཙན་རྟ་དུ་དར་འཛིན།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2026-07-23 09:51ལ་འགྲུབ།

ལྷ་བཙན་རྟ་དུ་དར་འཛིན།

འདིར་རྫ་སྟོད་རྫོང་གི་ལྷ་བཙན་རྟ་དུ་དར་འཛིན་ཞེས་པའི་ས་མིང་ངོ་སྤྲོད་བྱས་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
ས་མིང་ལོ་རྒྱུས།
གནས་ཡུལ།
རྫ་སྟོད་རྫོང་།
1 ངོ་སྤྲོད།

རི་བོ་འདི་ཤོག་ཀ་སྲིད་གཞུང་གི་ནུབ་བྱང་མཚམས་སྤྱི་ལེ་༣༥ཙམ་དང་།   ལྕི་ཆུའི་སྲིབ་རྒྱུད་རྟ་ངུ་ལུང་པའི་ཕུ་རུ་ཡོད་ལ་རི་པ་སྟོད་མ་དགོན་པའི་རྒྱབ་རིའང་ཡིན།   རིའི་མཐོ་ཚད་མཚོ་ངོས་ལས་སྨིས༤༨༠༠ཙམ་ཟིན། ལྷ་བཙན་རྟ་ངུ་དར་འཛིན་ནི་གཞི་བདག་ལ་མདུང་དར་བ་དན་འཛིན་པ་ཞིག་ཡོད་པར་བཤད་ཅིང་མིང་ཡང་དེ་ལྟར་ཐོགས།   རི་བོར་རྫ་བྲག་མཐིང་དམར་མཆོང་གི་ཡ་ལད་ལྟ་བུའི་རི་རྩེར་དུས་ཕལ་ཆེར་གངས་ཀྱིས་གཡོགས་ཤིང་།   ལུང་པའི་ཕུ་རུ་གཡུ་མཚོ་གཏན་འཁྱིལ་གྱིས་མཚན་པ་བཅས་མཛེས་བརྗིད་ལྡན་པའི་རི་མཚོ་ཆ་གཅིག་ཡིན།   དེ་ལ་གནས་པའི་ཡུལ་ལྷ་ནི་གངས་ཏི་སེའི་ཞིང་སྐྱོང་དང་ངོ་བོ་གཅིག་པ་ལྷ་བཙན་གྱི་རིགས་ཡིན་པར་བསྟན་ཏེ།   དབྲ་དཀོན་མཆོག་སེང་གེས་མཛད་པར་གྲགས་པ་འདིའི་བསང་མཆོད་ལས།   གཉན་པོ་དར་འཛིན་སྐུ་མདོག་དཀར་པོ་ཕྱག་གཡས་མདུང་དར་བ་དན་དང་གཡོན་པས་ནད་སེལ་སྨན་གྱི་བུམ་པ་འཛིན་ཞིང་མགྱོགས་འགྲོ་རག་དཀར་ལ་ཆིབས་པ་ཞིག་ཡོད་པར་གསུངས་པ་བཞིན།   ཡུལ་མིས་ཀྱང་རི་འདི་སྨན་པའི་ཆ་བྱད་ཅན་དུ་གནས་པས་རྟ་ངུ་ཕུ་རུ་རྡོ་རྒན་དྲུག་བཅུའི་རྡོ་སྨན་ཆ་ཚང་བར་ཡོད་པར་སྨྲ།   རི་འདི་བཀའ་ཤིན་ཏུ་གཉན་ཞིང་མཆོད་བསྟོད་ཅན་ལ་ཁ་འཛིན་མགོན་སྐྱོབ་དང་།   ཕོག་ཐུག་སོང་ན་དྲག་རྩལ་མངོན་རྟགས་མྱུར་བའི་གཞི་བདག་ཅིག་ཡིན།