ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 282 ཡོད།

བ་དན།

མཆོད་རྫས་ཤིག་སྟེ། དར་གོས་ཚོས་གཞི་སྣ་ཚོགས༌སྤེལ་བའི་རྩེ་མོ་ཟུར་གསུམ་ཅན་གྱི་ལྕེ་ལྷེ་གསུམ་བརྩེགས་དང་བཞི་བརྩེགས་ཀྱི་སྣེ་མོར་གཡེར་ཁ་འཁྲོལ་བ། དེང་སང་འཕན་ཟེར་བ་དེ་ཡིན། ལྷ་ས་གཙུག་ལག་ཁང་དང༌། པོ་ཏ་ལ། དགོན་པ་ཁག་བཅས་ཀྱི་ཀ་འཕན་ལ་གཟིགས།རྒྱ་ཡིག 飞幡 དབྱིན་ཡིག banner, flag 1.དག་ཡིག་གསར་བསྒྲིགས་ལས། ①

20170209

སྙན་པའི་བ་དན

གྲགས་སྙན་བ་དན་གྱི་གཟུགས་སུ་བཀོད་པ།རྒྱ་ཡིག 名声,旗号 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གྲགས་སྙན་བ་དན་གྱི་གཟུགས་སུ་བཀོད་པ། 名声,旗号。将声誉譬喻为旗帜。

20230703

ཡེ་གཤེན་ནམ་མཁའ་བ་དན་ཅན།

​སྒྲིབ་སྦྱོང་མུན་སེལ་སྒྲོན་མ་ལས་བྱུང་བའི་ཡེ་གཤེན་ནམ་མཁའ་བ་དན་ཅན་ལ་གོ།སྒྲིབ་སྦྱོང་མུན་སེལ་སྒྲོན་མ་ལས། ཡེ་གཤེན་ནམ་མཁའ་བ་དན་ཅན་སྐུ་མདོག་དཀར་པོ་ནམ་མཁའི་བ་དན་འཛིན་པ། ཞེས་གཡུང་དྲུང་སེམས་དཔའ་འདི་ལ་བརྟེན་ན་བསོད་ནམས་ཀྱི་ཚོགས་བསགས་ཤིང་ས་དང་པོའི་ཡོན་ཏན་ཐོབ་བོ༎འབྱུང་ཁུངས། 《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ

20221129

མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ།

ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ་ལ་གོ་བ་ཡིན།ལས་རྣམ་པར་འབྱེད་པ་ལས་བྱུང་བ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་དབུལ་བའི་ཕན་ཡོན་བཅུ་སྟེ། 1.འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ། 2.མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་རྣམས་ཀྱིས་བསྟི་སྟང་དུ་བྱེད

20211207

སྡེ་དཔོན་གངས་དཀར་ཏི་ཙེ།

བྱད་བཟློག་ལས་བྱུང་བའི་སྡེ་དཔོན་གངས་དཀར་ཏི་ཙེ་ལ་གོ།བྱད་བཟློག་ལས། སྡེ་དཔོན་གངས་དཀར་ཏི་ཙེ་ནི༎ སྐུ་མདོག་དཀར་ལ་འོད་ཟེར་འབར༎ ཕྱག་འཚན་བ་དན་ཐོད་ཁྲག་བསྣམས༎ ཆིབས་སུ་རྩལ་ཆེན་སེང་གེར་བཅིབས༎འབྱུང་ཁུངས། 《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》 རིགས་དབྱེ། ནང་དོན་རིག་པ།

20230620

མཐུན་པའི་རླུང༌།

འགྲོ་ཕྱོགས་དང་མཐུན་པའི་རླུང༌།རྒྱ་ཡིག 顺风 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། འགྲོ་ཕྱོགས་དང་མཐུན་པའི་རླུང༌། 顺风。如行船时所遇顺风等。མིང་གི་རྣམ་གྲངས་ལ་རྗེས་མཐུན་རླུང་དང༌། འདོད་པའི་རླུང༌། བ་དན་དར་གྱི་ཤུགས་འགྲོ་བཅས་སོ།

20240408

སྡེ་དཔོན་དྲང་སྲོང་ཨག་ནེ།

​བྱད་བཟློག་ལས་བྱུང་བའི་སྡེ་དཔོན་དྲང་སྲོང་ཨག་ནེ་ལ་གོ།བྱད་བཟློག་ལས། སྡེ་དཔོན་དྲང་སྲོང་ཨག་ནེ་ནི༎ སྐུ་མདོག་དམར་ལ་འོད་ཟེར་འབར༎ ཕྱག་མཚན་བ་དན་མེ་ཞགས་བསྣམས༎ ཆིབས་སུ་ར་སྐྱེས་ཁམ་ནག་བཅིབས༎འབྱུང་ཁུངས། 《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》 རིགས་དབྱེ། ནང་དོན་རིག་པ

20230620

ལུགས་ཟུང་བ་དན་གཡོ་བའི་ལེགས་བཤད་རླུང་གི་བསྟན་བཅོས།

རླུང་གིས་ཕྱོགས་ཀུན་ཏུ། ། བསྐྱོད་པའི་རྒྱ་མཚོའི་གཉའ་ཤིང་གི། ། བུ་གར་རུས་སྦལ་མགྲིན་ཆུད་ལྟར། ། མི་ལུས་ཤིན་ཏུ་ཐོབ་དཀར་གསུངས། ། དེ་ཕྱིར་དལ་འབྱོར་གྲུ་གཟིངས་འདི། ། ཉམས་ལེན་བ་དན་དཀར་པོས་བརྒྱན། ། བརྩོན་པའི་རླུང་གིས་རབ་བསྐུལ་ནས། ། འཁོར་བའི་མཚོ་ལས་བརྒལ་བར་བྱ། ། ལན་གཅིག་རྙེད་པའི་རྟེན་བཟང་འདི། ། འཇིག་ཀྱང་ཤིན་ཏུ་སླ་བའི་ཚུལ། ། རླུང་དམར་ནང་གི་མར་མེ

20181123

དཔལ་མགོན་སྟང་ཐབས་རིན་ཆེན།

རིན་ཆེན་ལ་གོ།མ་རྒྱུད་དཔལ་མགོན་ཡབ་ཡུམ་བརྒྱད་ཀྱི་དགྲ་བླ་འགུགས་པ་ལས། ལྷོ་ཤར་ཐང་ནག་དུར་ཁྲོད་ན། དུར་ཁྲོད་ཆེན་པོའི་ཞིང་ཁམས་ན། དཔལ་མགོན་སྟང་ཐབས་རིན་ཆེན་ནི། གཡས་པས་བ་དན་ནག་པོ་ཕྱར། གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། མ་རྒྱུད་དཔལ་མགོན་མཆོད་ཐབས་འདི་ནི་གཤེན་ཉི་མས་སྦྱར་རོ༎འབྱུང་ཁུངས། 《 གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》 རིགས་དབྱེ

20230927

ལྷ་ཆེན་ལྷོ་ལྷ་བདལ་དྲུག

ཀྱི་ལྷ་ལྔའི་ཡ་གྱལ་ལྷ་ཆེན་ལྷོ་ལྷ་བདལ་དྲུགདབང་ལྡན་དུས་འཁོར་ལས། ལྷོ་ཕྱོགས་པདྨའི་གདན་སྟེང་ན༎ ལྷ་ཆེན་ལྷོ་ལྷ་བདལ་དྲུག་ནི༎ སྐུ་མདོག་སྔོ་ལ་འོད་ཟེར་འབར༎ ཕྱག་མཚན་ཆུ་ཡི་བ་དན་བསྣམས༎ དེ་ལ་ཕྱག་འཚལ་མཆོད་པ་འབུལ༎ འཛབ་ནི། ཨཱཽཾ་ན་མ་ཨ་དཀར་ས་ལེ་འོད་དེ་བྲུཾ་འདུ་ཨཱཽཾ་སང་། བརྒྱུད་རིམ་ནི། སྟོན་པ་གཤེན་རབ་མི་བོས་ས་ཡི་ལྷ་སོགས་ལ་གསུངས་ནས་རིམ་བཞིན་དུ

20230626