ལྟ་བའི་དཔྱད་པ་རྫོགས་ཚད།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-04-27 13:54ལ་འགྲུབ།

ལྟ་བའི་དཔྱད་པ་རྫོགས་ཚད།

ལྟ་བའི་གནད་ལ་དཔྱད་པའི་ཚེ། ནམ་ཞིག་སྣང་སྟོང་གཉིས་གཅིག་ཤར་ན་གཅིག་འཇོག་དགོས་པ་ལྟ་བུ་མ་ཡིན་པར་ཅིག་ཅར་དུ་གཅིག་ཚད་མས་རྟོགས་པ་ན། དེའི་སྟོབས་ཀྱིས་ཅིག་ཤོས་ལ་ངེས་པ་འདྲེན་ནུས་པའི་སྒོ་ནས་རྟེན་འབྲེལ་མི་བསླུ་བར་མཐོང་བ་ཁོ་ནས། བདེན་འཛིན་གྱི་ཡུལ་གྱི་འཛིན་སྟངས་ཀུན་ཞིག་སྟེ་སྟོང་པ་ལྷང་གིས་འཆར་ཐུབ་པ་བྱུང་བ་དེའི་ཚེ་ལྟ་བའི་དཔྱད་པ་རྫོགས་པའི་ཚད་དུ་སླེབས་པར་གསུངས་ཏེ། རྗེ་ཙོང་ཁ་པ་ཆེན་པོའི་ལམ་གྱི་གཙོ་བོ་རྣམ་གསུམ་ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། ། རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། ། ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། ། དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ། ཞེས་གསུངས།
དཀར་ཆག
1 འགྲེལ་བ།

བརྡ་འགྲེལ་གདོང་འཛར།

དཔྱད་པ། རྫོགས་པ། ཚད་མ།