ལྟ་བའི་ཀུན་སྦྱོར།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2026-04-27 14:00ལ་འགྲུབ།

ལྟ་བའི་ཀུན་སྦྱོར།

ཀུན་སྦྱོར་དགུའི་ནང་གསེས་ཤིག་འཇིག་ལྟ་དང་། མཐར་ལྟ་དང་། ལོག་ལྟ་དང་གསུམ་སྟེ། དེ་དག་དང་ལྡན་ན་འཇིག་ལྟའི་དབང་གིས་བདག་གིས་གྲོལ་བར་འགྱུར་རོ་སྙམ་དུ་བཟུང་ནས་གྲོལ་བའི་བདག་སོགས་ཐོབ་པའི་ཆེད་དུ་ལོག་པས་ངེས་འབྱུང་གི་ཐབས་ཚོལ། མཐར་ལྟས་རྟག་ཆད་དུ་མངོན་པར་ཞེན། ལོག་ལྟས་སངས་རྒྱས་པ་ལ་ཐར་པ་མེད། བདག་བསྒོམ་པ་ཐར་པ་ཡིན་སྙམ་དུ་ལོག་པར་ངེས་པའི་ཐབས་ལ་ཞེན་པས་ཡང་སྲིད་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བའི་ཕྱིར་དེ་དག་ལ་ལྟ་བའི་ཀུན་ཏུ་སྦྱོར་བ་ཞེས་བཤད་དོ། །
དཀར་ཆག
1 འགྲེལ་བ།