ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་དང་འདོད་པ་དང་བློ་གྲོས་དང་རྟོག་པ་དང་ལྟ་བ་གང་ཡིན་པ་སྟེ་དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ་ཞེས་གསུངས།མཐར་ལྟའི་ངོ་བོ་ནི། འཇིག་ལྟས་བཟུང་བའི་རང་རྐྱ་བའི་བདག་དང་བདག་གི་བ་གང་རུང་ལ་དམིགས་ནས་རྣམ་པ་རང་སྟོབས་ཀྱིས་རྟག་ཆད་དུ་ལྟ་བ་ཅི་རིགས་པའི་རྣམ་པ་ཅན་བྱེད་ལས་དབུ་མའི་ལམ་སྐྱེ་བ
20180926
རྩ་ཉོན་དྲུག་གི་ཁོངས་གཏོགས་ལྟ་བ་ལ་འཇིག་ལྟ་དང་མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་བཅས་རྣམ་པ་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། འཇིག་ལྟས་བཟུང་བའི་བདག་དེ་ལ་དམིགས་ནས་རྟག་ཆད་དུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་བྱའོ། །མཐར་འཛིན་པར་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་རྟག་པའམ་ཆད་པར་ཡང་དག་པར
20160918
ལོག་ལྟ་དང་གསུམ་སྟེ། དེ་དག་དང་ལྡན་ན་འཇིག་ལྟའི་དབང་གིས་བདག་གིས་གྲོལ་བར་འགྱུར་རོ་སྙམ་དུ་བཟུང་ནས་གྲོལ་བའི་བདག་སོགས་ཐོབ་པའི་ཆེད་དུ་ལོག་པས་ངེས་འབྱུང་གི་ཐབས་ཚོལ། མཐར་ལྟས་རྟག་ཆད་དུ་མངོན་པར་ཞེན། ལོག་ལྟས་སངས་རྒྱས་པ་ལ་ཐར་པ་མེད། བདག་བསྒོམ་པ་ཐར་པ་ཡིན་སྙམ་དུ་ལོག་པར་ངེས་པའི་ཐབས་ལ་ཞེན་པས་ཡང་སྲིད་ཕྱི་མ་ལ་སྡུག་བསྔལ་དང་ཀུན་ཏུ་སྦྱོར་བའི
20260427
ལྟ་བ་ཉོན་མོངས་ཅན་ཐམས་ཅད་དེ། ལྟ་བ་ངན་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ཞིག་ལྟ་བ་གཉིས། རྟག་ཆད་ཀྱི་མཐར་ལྟ་བ་གཉིས་སམ་ཡང་ན་སྒྲོ་སྐུར་གྱི་མཐར་ལྟ་བ་གཉིས་ལ་ཟེར།ལྟ་བ་ཉོན་མོངས་ཅན་ཐམས་ཅད་དེ། ལྟ་བ་ངན་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ཞིག་ལྟ་བ་གཉིས། རྟག་ཆད་ཀྱི་མཐར་ལྟ་བ་གཉིས་སམ་ཡང་ན་སྒྲོ་སྐུར་གྱི་མཐར་ལྟ་བ་གཉིས་ལ་ཟེར
20260426
ལྟ་བ་ཕྱིན་ཅི་ལོག མི་རྟག་པ་ལ་རྟག་པར་ལྟ་བ་དང་མི་གཙང་བ་ལ་གཙང་བར་ལྟ་བ་སོགས་ཕྱིན་ཅི་ལོག་གི་ལྟ་བ་སྟེ། ཟག་བཅས་ཉེར་ལེན་གྱི་ཕུང་པོ་རྟག་པར་ལྟ་བའི་མཐར་ལྟ་དང་། དེ་གཙང་བདེར་ལྟ་བའི་ལྟ་བ་མཆོག་འཛིན་དང་། དེ་བདག་ཏུ་འཛིན་པའི་འཇིག་ལྟ་ལྟ་བུའོ། །མི་རྟག་པ་ལ་རྟག་པར་ལྟ་བ་དང་མི་གཙང་བ་ལ་གཙང་བར་ལྟ་བ་སོགས་ཕྱིན་ཅི་ལོག་གི་ལྟ་བ་སྟེ
20260427
ལྟ་བ་ལྔའི་ནང་གསེས་ཤིག་སྟེ། འཇིག་ལྟ་དང་མཐར་ལྟ་དང་ལོག་ལྟ་གསུམ་གང་རུང་དང་དེ་དག་གང་ལ་བརྟེན་ནས་འབྱུང་བའི་ལྟ་བ་པོའི་ཕུང་པོ་སོགས་ལ་དམིགས་ནས་རྣམ་པ་མཆོག་ཏུ་འཛིན་ཅིང་། བྱེད་ལས་ལྟ་ངན་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ། །འགྲེལ་བ།
20260426
《ཀློང་རྡོལ་གསུང་འབུམ》ལས་བྱུང་བའི་རྩ་ཉོན་ལྟ་བ་ལྔ་ལ་གོ་བ་ཡིན།སེམས་བྱུང་ང་ལྔ་ནང་ཚན་རྩ་ཉོན་ལྟ་བ་ལྔ་སྟེ། 1.འཇིག་ལྟ། 2.མཐར་ལྟ། 3.མཆོག་འཛིན་ལྟ། 4.བརྟུལ་ཞུགས་མཆོག་འཛིན། 5.ལོག་ལྟའོ༎འབྱུང་ཁུངས། 《ཀློང་རྡོལ་གསུང་འབུམ》གླེགས་བམ་དང་པོ་ཤ445.19ལས་བཏུས། རིགས་དབྱེ། ནང་དོན་རིག་པ
20220405
སྤོང་བ་སྟེ་ལྟ་བ་རྣམ་པ་ལྔ་ལ་གོ་བ་ཡིན།མྱང་འདས་ལེའུ་བཅུ་པ་བྱང་ཆུབ་སེམས་དཔའ་མཐོ་བཙུན་དཔལ་གྱི་རྒྱལ་པོས་དྲིས་པའི་ལེའུ་ལས་བྱུང་བ་སྟེ། 1.འཇིག་ཚོགས་སུ་ལྟ་བ། 2.མཐར་ལྟ་བ། 3.ངན་པར་ལྟ་བ། 4.ཚུལ་ཁྲིམས་སྙེམས་པ། 5.ལྟ་བ་སྙེམས་པའོ༎འབྱུང་ཁུངས། 《མྱང་འདས་ཁ་པ》ཤ96ན1ལས་བཏུས། རིགས་དབྱེ། ནང་དོན་རིག་པ
20220118
རྩ་ཉོན་དྲུག་གི་ཁོངས་གཏོགས་ལྟ་བ་ལ་འཇིག་ལྟ་དང་མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་བཅས་རྣམ་པ་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། ལྟ་ངན་གཞན་རྣམས་དང་། དེ་གང་ལ་བརྟེན་ནས་འབྱུང་བའི་གནས་ཕུང་པོ་ལ་དམིགས་ནས་མཆོག་ཏུ་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་བྱའོ། །
20160918
རྩ་ཉོན་དྲུག་གི་ཁོངས་གཏོགས་ལྟ་བ་ལ་འཇིག་ལྟ་དང་མཐར་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན། ལོག་ལྟ་བཅས་རྣམ་པ་ལྔར་དབྱེ་བའི་ནང་གསེས་ཤིག་སྟེ། ཉེར་ལེན་གྱི་ཕུང་བོ་ལ་དམིགས་ནས་ང་དང་ང་ཡིར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་བྱའོ། །འཇིག་ཚོགས་ལ་ལྟ་བ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་བོ་ལྔ་པོ་རྣམས་ལ་བདག་དང་བདག་གིར་ཡང་དག་པར
20160918