ལྟ་བ་སྙིགས་མ།སྔ་མའི་པར་གཞི་དེ གླང་ཕག་ལོ། ནས 2026-04-27 09:27ལ་འགྲུབ།
སྙིགས་མ་ལྔའི་ནང་གསེས་ཤིག བདེ་ལེགས་ཐམས་ཅད་ཀྱི་རྩ་བ་གཅོད་བྱེད་ལས་འབྲས་ལ་སྐུར་བ་འདེབས་པའི་ལྟ་ངན་རྒྱས་པ་ལ་ལྟ་བ་སྙིགས་མ་ཞེས་བྱ་སྟེ། སྤྱིར་རྟག་ཆད་ཀྱི་ལྟ་བ་གཉིས་ཀ་ལྟ་ངན་ཡིན་ཀྱང་། རྟག་ལྟས་དགེ་རྩ་མི་གཅོད་པར་མ་ཟད། བཞི་བརྒྱ་པ་ལས། དམ་པ་མིན་ལ་བདག་འཛིན་མཆོག ། ཅེས་གསུངས་པ་ལྟར། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་། དགེ་བའི་ལས་ཀྱི་རྐྱེན་བྱེད་པའང་སྲིད་ལ། ཚད་ལྟ་ནི་མཛོད་ལས། མེད་པར་ལྟ་བས་རྩ་བ་གཅོད། ། ཅེས་གསུངས་པ་ལྟར། དགེ་རྩ་གཅོད་བྱེད་ཡིན་པས་ལྟ་བའི་སྙིགས་མའང་གཙོ་བོར་དེ་ལ་འཇོག་གོ །