ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 53 ཡོད།

ལྟ་ངན།

དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ལྟ་ལོག་སྟེ། དཔེར་ན། རྟག་པའམ་རྒྱུ་མེད་སོགས་སུ་སྨྲ་བའི་ལྟ་ངན་རེ་བཞི་ལྟ་བུའོ། །དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ལྟ་ལོག་སྟེ། དཔེར་ན། རྟག་པའམ་རྒྱུ་མེད་སོགས་སུ་སྨྲ་བའི་ལྟ་ངན་རེ་བཞི་ལྟ་བུའོ། །

20260426

ལྟ་ངན།

ལྟ་བ་ངན་པ་སྟེ། དངོས་པོའི་གནས་ཚུལ་དང་མི་མཐུན་པའི་ལྟ་ལུགས་ངན་པ།

20231010

ལྟ་ངན་རེ་གཉིས།

འདི་ལ་ལྟ་ལོག་རེ་གཉིས་ཀྱང་ཟེར་ཏེ། སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་དང་། ཕྱི་མའི་མཐའ་ལ་བརྟེན་པ་བཞི་བཅུ་རྩ་བཞི་སྟེ་བསྡོམས་པས་ལྟ་ངན་དྲུག་ཅུ་རེ་གཉིས་ཡོད་པ་ལ་ཟེར། སྔོན་གྱི་མཐའ་ལ་བརྟེན་པ་བཅོ་བརྒྱད་ནི། ཐམས་ཅད་རྟག་པར་སྨྲ་བ་བཞི་དང་། ཁ་ཅིག་ཆད་པར་སྨྲ་བ་བཞི། མཐའ་ཡོད་མེད་དུ་སྨྲ་བ་བཞི། ལྷ་མི་སྤོང་བར་སྨྲ་བ་བཞི། རྒྱུ་མེད་པར་སྨྲ་བ

20260426

ལྟ་བ་སྙིགས་མ།

སྙིགས་མ་ལྔའི་ནང་གསེས་ཤིག བདེ་ལེགས་ཐམས་ཅད་ཀྱི་རྩ་བ་གཅོད་བྱེད་ལས་འབྲས་ལ་སྐུར་བ་འདེབས་པའི་ལྟ་ངན་རྒྱས་པ་ལ་ལྟ་བ་སྙིགས་མ་ཞེས་བྱ་སྟེ། སྤྱིར་རྟག་ཆད་ཀྱི་ལྟ་བ་གཉིས་ཀ་ལྟ་ངན་ཡིན་ཀྱང་། རྟག་ལྟས་དགེ་རྩ་མི་གཅོད་པར་མ་ཟད། བཞི་བརྒྱ་པ་ལས། དམ་པ་མིན་ལ་བདག་འཛིན་མཆོག ། ཅེས་གསུངས་པ་ལྟར། ལས་འབྲས་ལ་ཡིད་ཆེས་བསྐྱེད་པ་དང་། དགེ་བའི་ལས་ཀྱི་རྐྱེན་བྱེད

20260427

ལྟ་བ་ཉེ་བར་ལེན་པ།

ཉེ་བར་ལེན་པ་བཞིའི་ནང་གསེས། ལྟ་ངན་དྲུག་ཅུ་རྩ་གཉིས་ལྟ་བུ་སྟེ། ལྟ་བ་དེ་དག་གི་དབང་གིས་རབ་ཏུ་བྱུང་བ་རྣམས་རྩོད་པའི་རྩ་བ་ཉེ་བར་ལེན་ཅིང་། དེའི་དབང་གིས་ཡང་སྲིད་ཕྱི་མ་ཉེ་བར་ལེན་པས་ཤིང་དེ་ལ་ལྟ་བ་ཉེ་བར་ལེན་པས་ན་དེ་ལ་ལྟ་བ་ཉེ་བར་ལེན་པ་ཞེས་བཤད་དོ། །ཉེ་བར་ལེན་པ་བཞིའི་ནང་གསེས། ལྟ་ངན་དྲུག་ཅུ་རྩ་གཉིས་ལྟ་བུ་སྟེ། ལྟ་བ་དེ་དག་གི་དབང་གིས

20260426

བཀྲམ་པའི་ལྟ་བ།

མུ་སྟེགས་གཅེར་བུ་པས་འདོད་པའི་ལྟ་ངན་བཞི་བཅུའི་གྲས་ཏེ། བདག་དང་འཇིག་རྟེན་རྟག་པ་དང་མི་རྟག་པ་གཉིས་ཀར་བདེན་པར་ལྟ་བ་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་མི་ལྡན་པ་གཉིས་ཀར་བདེན་པར་ལྟ་བ། གྲོལ་བའི་བདག་གྲོངས་ཕན་ཆད་དུ་འབྱུང་བ་དང་མི་འབྱུང་གཉིས་ཀར་བདེན་པར་ལྟ་བ་གསུམ་ལ་ཟེར།མུ་སྟེགས་གཅེར་བུ་པས་འདོད་པའི་ལྟ་ངན་བཞི་བཅུའི་གྲས་ཏེ

20251118

ལྟ་བའི་དབྱེན།

དགེ་འདུན་འཁོར་ལོའི་དབྱེན་ཏེ། འོ་མ་འཐུང་ན་བེའུར་གནོད་པ་དང་། ཤ་ཟོས་པས་སྲོག་ཆགས་ལ་གནོད་པར་འདོད་པ་ལྟ་བུའི་སྒོ་ནས་སངས་རྒྱས་ཀྱིས་རབ་བྱུང་གིས་འོ་མ་འཐུང་རུང་བར་གསུངས་པ་དང་། རྣམ་གསུམ་དག་པའི་ཤ་ཟ་རུང་བར་གསུངས་པ་སོགས་ཀྱི་ཟློག་ཕྱོགས་སུ་གྱུར་པའི་ལྟ་ངན་ལ་དག་གྲོལ་གྱི་རྒྱུར་བལྟས་ནས་དགེ་འདུན་མི་མཐུན་པར་ཕྱེ་བས་དེ་ལྟར་ཟེར

20260506

ཁ་སྐོང་འོས་པའི་ཆོས་བཅུ་གསུམ།

ཡུལ་མ་ཡིན་པ། 3.འདུན་པ་དང་ཡོངས་དག་ཕུལ་བ་མ་ཡིན་པ། 4.བསྙེན་པར་མ་རྫོགས་པ་མ་ཡིན་པ། 5.ཕམ་པས་ཉམས་པ་མ་ཡིན་པ། 6.མཚམས་མེད་བྱས་པ་མ་ཡིན་པ། 7.སྡིག་པའི་ལྟ་ངན་དྲུག་ཅུ་གང་རུང་ཅན་མ་ཡིན་པ། 8.ས་གཞན་ཉེར་ལྔ་གང་རུང་ན་གནས་པ་མ་ཡིན་པ། 9.ཆོས་འདུལ་བ་ལས་ཐ་དད་དུ་གནས་པ་མ་ཡིན་པ། 10.ཉེས་བྱས་ཡན་ཆད་འཁྲུལ་བཅས་མ་ཡིན་པ

20250923

བཟོ་ལྟ།

ཚུགས་ཀའམ་རྣམ་འགྱུར་གྱི་དོན།ཚུགས་ཀའམ་རྣམ་འགྱུར་གྱི་དོན། ཡོན་ཏན་མེད་ཀྱང་ཡོད་པའི་བཟོ་ལྟ་སྟོན། དགེ་རྒན་ལ་བཟོ་ལྟ་ངན་པ་བསྟན་ཟེར་བ་ལྟ་བུ།

20250912

ལྟ་བ་མཆོག་འཛིན།

ལྟ་བ་ལྔའི་ནང་གསེས་ཤིག་སྟེ། འཇིག་ལྟ་དང་མཐར་ལྟ་དང་ལོག་ལྟ་གསུམ་གང་རུང་དང་དེ་དག་གང་ལ་བརྟེན་ནས་འབྱུང་བའི་ལྟ་བ་པོའི་ཕུང་པོ་སོགས་ལ་དམིགས་ནས་རྣམ་པ་མཆོག་ཏུ་འཛིན་ཅིང་། བྱེད་ལས་ལྟ་ངན་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ཤེས་རབ་ཉོན་མོངས་ཅན་ནོ། །འགྲེལ་བ།

20260426