རུས་སྦལ་གྱིས་བཏེག་པའི་ཆང་རྫ་ནི1982ལོར་ཅང་སུའུ་ཀྲན་ཅང་ནས་རྙེད་པ་དང་མཐོ་ཚད་ལ་ལི་སྨི34.2ཡོད། འདི་ནི་དགྱེས་སྟོན་སྐབས་སུ་ཆང་བཞེས་བྱེད་ཀྱི་རྩེད་ཆས་ཤིག་སྟེ། རུས་སྦལ་དང་ཆང་རྫ་རིམ་པ་གཉིས་ཀྱིས་གྲུབ་ཅིང་། རུས་སྦལ་གྱི་མགོ་དགྱེས་ཤིང་མཇུག་མ་ཡར་བཀྱགས་ནས་སར་འགྲུལ་བཞིན་ཡོད་པས་གསོན་ཉམས་ལྡན། རུས་སྦལ་གྱི་སྒལ་སྟེང་ན་སྒོར་མདུང་ཁེབས་མ་ཅན་ཞིག་ཡོད་པའི་ཐོག་ཏུ་“གསུང་སྒྲོས་འཁོར་ལོ་”ཞེས་པའི་ཡི་གེ་བརྐོས། སྒོར་མདུང་ཁ་ཕྱེས་པའི་ནང་ན་དབྱིབས་དང་ཆེ་ཆུང་མཚུངས་པའི་དངུལ་ཐུར50ཡོད། དངུལ་ཐུར་རེ་རེའི་སྟེང་ལ་《ཁུང་ཙིའི་གསུང་སྒྲོས་》དང་ཆང་འཐུང་བའི་སྒྲིག་སྲོལ་བཀོད་འདུག། དཔེར་ན། “ཐག་རིང་གྲོགས་པོ་སླེབས་ཚེ། ། དགའ་བ་འབུམ་གྱིས་བསུས་ཏེ། ། ཆང་ཕོར་ཕྱེད་ཙམ་བཞེས་རོགས། ། ”ཞེས་པ་ལྟ་བུ། ཐང་གིས་སུའེ་རྒྱལ་རབས་ཀྱི་རྒྱུགས་སྤྲོད་ལམ་ལུགས་རྒྱུན་བསྐྱངས་པ་དང་། མི་རྣམས་དཔོན་པོར་འདུག་བསམ་ན་ངེས་པར་དུ་སློབ་ལ་བརྩོན་དགོས། དེའི་ཕྱིར་སྤྱི་ཚོགས་ཁྲོད་དཔེ་ཀློག་པ་ཇེ་མང་དུ་གྱུར་པ་དང་དཔེ་ཀློག་པ་རྣམས་ཀྱིས་ཆང་འཐུང་བའི་ཚེ་ནའང་《ཁུང་ཙིའི་གསུང་སྒྲོས་》ཀྱི་ལུང་ཚིག་དྲངས་ནས་ཆང་འདྲེན། རུས་སྦལ་གྱིས་བཏེག་པའི་ཆང་རྫ་ནི་བཟོ་དབྱིབས་ལེགས་པའི་དངུལ་ཆས་ཤིག་ཡིན་པར་མ་ཟད། ཐང་རྒྱལ་རབས་ཀྱི་ཆང་གི་རིག་གནས་ལ་རྒྱུས་ལོན་པའི་རྒྱུ་ཆ་གལ་ཆེན་ཞིག་ཀྱང་ཡིན། 2013ལོར་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་《རྒྱལ་ཕྱིར་འགྲེམ་སྟོན་མི་ཆོག་པའི་རིག་དངོས་སྐོར་གསུམ་པའི་དཀར་ཆག་》ཏུ་བསྡུས་སོ། །