དུར་ཁྲོད།སྔ་མའི་པར་གཞི་དེ ཁུ་པེ། ནས 2026-01-19 11:08ལ་འགྲུབ།
རྒྱ་ཡིག 天葬场,火葬场
དབྱིན་ཡིག graveyard, cemetery, tomb
1.དག་ཡིག་གསར་བསྒྲིགས་ལས། མི་ཤི་བའི་བེམ་པོ་དུར་དུ་འཇོག་སའི་གནས་ཀྱི་མིང་།
2.བརྡ་དག་མིང་ཚིག་གསལ་བ་ལས། རོ་གནས་གཤིན་རྗེའི་ཚལ། 尸林,放尸体处,阎罗王之园。
3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། མིའི་རོ་སྐྱེལ་ས། མིང་གི་རྣམ་གྲངས་ལ་འཇིག་གནས་དང་། ཕ་མེས་ནགས། མཚུན་གྱི་ཚལ། ཞི་བའི་གནས། རོ་ཉལ། རོ་གནས། གཤིན་གྱི་གནས། སྲེག་གནས་བཅས་སོ།།
4. བོད་རྒྱ་ཚིག་མཛོད་ཆེན་མོ་ལས། (ཤྨཤཱན)མིའི་རོ་སྐྱེལ་ས། 尸体,寒林,天葬场,火葬场,弃尸处。梵音译作尸摩赊那。曾抛四具死尸以上的地方。 མིང་གི་རྣམ་གྲངས་ལ་འཇིག་གནས་དང༌། ཕ་མེས་ནགས། མཚུན་གྱི་ཚལ། ཞི་བའི་གནས། རོ་ཉལ། རོ་གནས། གཤིན་གྱི་གནས། སྲེག་གནས་བཅས་སོ། །