ཀྲང་ལན་ཧྲེང་།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2025-12-25 09:09ལ་འགྲུབ།

ཀྲང་ལན་ཧྲེང་།

ཀྲང་ལན་ཧྲེང་།
ཀྲང་ལན་ཧྲེང་(སྤྱི་ལོ1909ལོའི་ཟླ6པའི་ཚེས10ནས་སྤྱི་ལོ1940ལོའི་ཟླ7པའི་ཚེས19ཉིན་བར)ནི་བྱང་ཤར་འཇར་འགོག་མཉམ་འབྲེལ་དམག་གི་འབུམ་དཔུང་གསུམ་པའི་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་དང་ཧེ་ལུང་ཅང་ཞིང་ཆེན་ཧུའུ་ལན་རྫོང་གི་མི་ཡིན། སྤྱི་ལོ1932ལོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། སྤྱི་ལོ1940ལོའི་ཟླ7པའི་ཚེས19ཉིན། ཁྲའོ་དབྱང་རི་བོའི་གསང་བའི་དམག་སྒར་ལ་འཇར་དམག་གིས་འཇབ་རྒོལ་བྱས། ཀྲང་ལན་ཧྲེང་གིས་ཀྲང་ཧྲོའུ་ཡུན(ལི་ཀྲའོ་ལིན)སོགས་ཀྱི་བློ་མཐུན་བདེ་འཇགས་ངང་ཕྱིར་འཐེན་བྱེད་པར་འགེབས་སྲུང་བྱེད་ཆེད། དགྲ་བོ་དང་འཐབ་འཛིང་དྲག་པོ་བྱེད་སྐབས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་ཞིང་། སྐབས་དེར་དགུང་ལོ་སོ་གཅིག་ལས་སླེབས་མེད། སྤྱི་ལོ2015ལོའི་ཟླ8པའི་ཚེས24ཉིན་ཀྲང་ལན་ཧྲེང་དམངས་སྲིད་པུས་ཁྱབ་བསྒྲགས་བྱས་པའི་གྲགས་ཅན་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
张兰生
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
མན་ཇུ་རིགས།
སྐྱེ་ཡུལ།
ཧེ་ལུང་ཅང་ཞིང་ཆེན་ཧོ་ལན་རྫོང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1909.6.10-1940.7.19)
ཆབ་སྲིད་རྣམ་པ།
ཀྲུང་གུང་ཏང་ཡོན།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1909ལོའི་ཟླ6པའི་ཚེས10ཉིན། ཀྲང་ལན་ཧྲེང་ཧེ་ལུང་ཅང་ཞིང་ཆེན་ཧུའུ་ལན་རྫོང་གི་མན་ཇུ་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོ་ཚོའི་ཁྱིམ་ནི་ཧོ་ལན་གྲོང་ཁྱེར་གྱི་མཁར་སྲུང་དམག་དཔོན་དང་པོ་པའོ་ལུའོ་ནཱའི་རྗེས་རབས་པ་ཡིན། ཁྱིམ་ཚང་ཕྱུག་པོ་མིན་མོད། འོན་ཀྱང་ཨ་ཕས་བུ་ཕྲུག་ལ་སློབ་གསོ་གཏོང་བར་མཐོང་ཆེན་བྱས་ཏེ། ཟ་མཁས་སྤྱོད་མཁས་བྱས་ནས་ཀྲང་ལན་ཧྲེང་སློབ་གྲྭར་བསྐྱལ། སྤྱི་ལོ1919ལོར་ཀྲང་ལན་ཧྲེང་གིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོག་ནས་ཧོ་ལན་དགེ་འོས་སློབ་ཆུང་དུ་རྒྱུགས་འཕྲོད།  

སྤྱི་ལོ1928ལོར་ཀྲང་ལན་ཧྲེང་སློབ་གྲྭ་ནས་ཐོན་རྗེས་ཧར་པིན་གློག་ལས་རིགས་ཅུའུ་གློག་འཁོར་བཟོ་གྲྭར(སྐབས་དེར་ཁ་པར་ཚན་ཁག་ཟེར)རྒྱུགས་འཕྲོད་པ་དང་། སྔོན་ལ་རླངས་འཁོར་གྱི་སྤ་སེ་འཚོང་མཁན་བྱས། དེ་རྗེས་གློག་འཁོར་གྱི་ཁ་ལོ་བ་བྱས། སྐབས་དེར། གློག་སྒུལ་རླངས་འཁོར་བཟོ་གྲྭ་འདིར་བཟོ་བ300ལྷག་ཡོད།

སྤྱི་ལོ1932ལོའི་ལོ་འགོར་ཀྲུང་གུང་མན་ཀྲོའུ་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཧར་པིན་དུ་སྤོས། ཟླ2པར། འཇར་པན་བཙན་འཛུལ་དམག་གིས་ཧྭ་ཨེར་པིན་བཙན་བཟུང་བྱས་རྗེས། གློག་འཁོར་བཟོ་གྲྭ་དེ“ཧྭ་ཨེར་པིན་འགྲིམ་འགྲུལ་ཀྲུའུ་ཧྲི་ཚོགས་པ”ཞེས་པར་བསྒྱུར་ཅིང་། བཟོ་བ་རྣམས་ལ་མི་སེར་སྤེལ་བའི་རིང་ལུགས་ཀྱི་དབང་སྒྱུར་དང་གཉའ་གནོན་ཇེ་ཆེར་བཏང་། ཀྲང་ལན་ཧྲེང་གིས་རྒྱལ་གཅེས་ལས་གྲོགས་སྐོར་ཞིག་གི་སྣེ་ཁྲིད་དེ་ལས་ཀར་སྒྱིད་ལུག་དང་རླངས་འཁོར་བཏང་ནས་སྤ་སེ་མི་ཉོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འཇར་པན་དང་རྫུན་དམག་གི་ལོག་སྤྱོད་དབང་འཛིན་ལས་ཁུངས་དང་མངོན་འཛིང་ལྐོག་འཐབ་བྱས།  

སྤྱི་ལོ1936ལོའི་ཟླ1པོར། གུང་ཁྲན་རྒྱལ་སྤྱིས་ཀྲུང་གུང་མན་ཀྲོའུ་ཞིང་ཆེན་ཏང་ཨུ་མེད་པར་བཟོ་དགོས་པའི་བཀའ་ཕབ་པ་དང་། ཀྲང་ལན་ཧྲེང་གིས་གོང་རིམ་དང་འབྲེལ་བ་ཡང་མེད་པར་གྱུར། དཀའ་ངལ་མང་པོའི་མདུན་དུ་ཀྲང་ལན་ཧྲེང་གིས་ཡིད་ཆེས་ཀྱིས་ཁེངས་ཤིང་། བློ་མཐུན་ཚོའི་སྣེ་ཁྲིད་དེ་དགྲ་བོའི་མིག་འོག་ཏུ་དཔའ་ངར་ཞུམ་མེད་ཀྱིས་འཐབ་འཛིང་བྱས།

སྤྱི་ལོ1940ལོའི་ཟླ6པར། ཀྲང་ལན་ཧྲེང་པེ་མན་ཞིང་ཆེན་ཏང་ཨུས་མངགས་ནས་ཏུ་ཏུའུ་རྫོང་ཁྲའོ་དབྱང་ཧྲན་གསང་བའི་ཡིང་དུ་མངགས་ཏེ། དེ་གར་བཙུགས་པའི་པའེ་མན་ཞིང་ཆེན་ཏང་ཨུའི་དམག་དོན་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭར་སློབ་ཁྲིད་བྱས། སྐབས་དེར་དམག་སྡེ་གསུམ་པའི་སྤྱི་ཁྱབ་བཀོད་འདོམས་པ་ཀྲང་ཧྲོའུ་ཆི(ལི་ཀྲའོ་ལིན)ཡིས་ཀྱང་དེ་གར་སློབ་ཁྲིད་བྱེད་བཞིན་ཡོད། ཀྲང་ལན་ཧྲེང་གིས་སློབ་མ་ཚོར་མའོ་ཙེ་ཏུང་གི《རྒྱུན་སྲིང་དམག་འཁྲུག་སྐོར་གླེང་བ》ཞེས་པ་འགྲེལ་བཤད་བྱེད་སྐབས་དོན་དངོས་དང་ཟུང་འབྲེལ་དང་། དོན་ཟབ་གོ་བདེ། གོ་བདེ་ཤེས་སླ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་ཐོག་ནས་སློབ་མ་ཚོའི་གདེང་འཇོག་བཟང་པོ་ཐོབ།

2 རང་སྲོག་བློས་གཏོང་།

སྤྱི་ལོ1940ལོའི་ཟླ7པའི་ཚེས19ཉིན་གྱི་ཞོགས་པར། ཀྲང་ལན་ཧྲེང་གིས་གློ་བུར་དུ་ཐག་རིང་ནས་འུར་སྒྲ་ཟིང་ཟིང་དུ་གྲགས་པ་ཐོས་ཤིང་། གནས་ཚུལ་རྒྱུན་ལྡན་མིན་པ་ཤེས་རྗེས། མྱུར་ཏུ་ཀྲའོ་ཅིན་ཧྥུའུ་དང་མཉམ་དུ་ཁ་གཏད་འཇལ་ཐབས་གྲོས་བསྡུར་བྱས་ཏེ། ཕྱོགས་གཅིག་ནས་སློབ་མ་རྣམས་རྩ་འཛུགས་བྱས་ཏེ་རང་སར་ཡིབ་ནས་དགྲ་བོར་འཐབ་པར་གྲ་སྒྲིག་བྱས། ཕྱོགས་གཅིག་ནས་མི་མངགས་ནས་རི་མགོར་སོང་སྟེ་ཀྲང་ཧྲོའུ་ཆན་སོགས་བློ་མཐུན་གནས་སྤོར་དགོས་པའི་བརྡ་བཏང་། དགྲ་བོ་རི་ལ་འགོས་པ་རྟོགས་རྗེས་འགོག་རྒོལ་ཐེབས་ནས་གང་བྱུང་དུ་མདུན་སྐྱོད་བྱེད་མ་ཕོད། ཀྲང་ལན་ཧྲེང་གིས་དགྲ་བོ་ཁྲིད་ནས་བློ་མཐུན་ཀྲང་ཧྲོའུ་ཆན་སོགས་གནས་སྤོར་རྗེས་ཕྱིར་འཐེན་བྱེད་པར་སྒུག་འདོད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་རི་རྩེར་ཡང་མེ་མདའི་སྒྲ་གྲགས། ཀྲང་ལན་ཧྲེང་དང་ཀྲའོ་ཅིན་ཧྥུའུ་གཉིས་ཀྱིས་སློབ་མ་ཡོངས་ཀྱི་སྣེ་ཁྲིད་དེ་མྱུར་ཏུ་རི་རྩེར་རོགས་སྐྱོར་བྱེད་པར་སོང་། ཀྲང་ལན་ཧྲེང་རི་རྩེར་སླེབས་དུས། སྤྱི་ཁྱབ་བཀོད་འདོམས་པ་ཀྲང་ཧྲོའུ་ཆན་ད་དུང་ཕྱིར་འཐེན་བྱས་མེད་པ་ཤེས་རྗེས། མྱུར་ཏུ་ཀྲའོ་ཅིན་ཧྥུའུ་ལ་འཐབ་མོ་བ་འགའ་ཁྲིད་ནས་ཀྲང་ཧྲོའུ་ཆན་སྲུང་སྐྱོབ་བྱེད་དུ་བཅུག་པ་དང་། རང་ཉིད་རི་མགོར་བསྡད་ནས་དགྲ་བོར་དུས་ཚོད་བརླག་པར་བྱས། སྐབས་དེར། སྦྱོང་བརྡར་འཛིན་གྲྭའི་གསང་བའི་སྒར་ལ་འཇབ་རྒོལ་བྱེད་པའི་དགྲ་བོ་རྗེས་དེད་ནས་ཡོང་བ་དང་། ཀྲང་ལན་ཧྲེང་དང་སློབ་མ30ལྷག་གིས་དྲག་ཆས་ཆ་ཚང་སྤྲས་པའི་དགྲ་བོ150ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར་ས་བབ་ལ་བརྟེན་ནས་དགྲ་བོ་བསད་དེ་བློ་མཐུན་གཞན་དག་བདེ་འཇགས་ཀྱི་གནས་སུ་ཕྱིར་འཐེན་བྱེད་དུ་བཅུག འཐབ་འཛིང་དྲག་པོའི་ཁྲོད་ཀྲང་ལན་ཧྲེང་ལ་སྟབས་མ་ལེགས་པར་མདེའུ་ཕོག་ནས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་། སྐབས་དེར་དགུང་ལོ31ལས་སོན་མེད།

3 ཚེ་རབས་དྲན་གསོ།

སྤྱི་ལོ1940ལོའི་ཟླ12པའི་ཚེས28ཉིན། མན་ཇུ་བྱང་མའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་དམག་སྡེ་གསུམ་པའི་ཆབ་སྲིད་ཨུ་ཡོན་ཧྥེང་ཀྲུང་ཡུན་གྱིས་ཉེན་སྲུང་ཐོན་གྱི་སྣེ་ཁྲིད་དེ་ཁྲའོ་དབྱང་ཧྲན་དུ་ལོག་ནས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་ཀྲང་ལན་ཧྲེང་སོགས་སྔོན་གཤེགས་དཔའ་བོར་མྱ་ངན་ཞུ་བའི་ཚོགས་འདུ་བསྡུས།  

སྤྱི་ལོ1997ལོར། ཧེ་ལུང་ཅང་ཞིང་ཆེན་སྔོན་གཤེགས་དཔའ་བོའི་ཐེབས་རྩ་ལྷན་ཚོགས་དང་ས་གནས་དེ་གའི་སྲིད་གཞུང་གིས་ཁྲའོ་དབྱང་ཧྲན་སྲུང་སྐྱོབ་དམག་འཐབ་ཁྲོད་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་དྲན་གསོའི་རྡོ་རིང་བཞེངས་རྒྱུའི་ཐག་བཅད་པ་མ་ཟད།  ཀྲང་ལན་ཧྲེང་མི་སྒེར་ལ་དྲན་གསོའི་རྡོ་རིང་ཡང་བཙུགས། དྲན་གསོའི་རྡོ་རིང་སྤྱི་ལོ1998ལོར་བཞེངས།

སྤྱི་ལོ2015ལོའི་ཟླ8པའི་ཚེས24ཉིན་ཀྲང་ལན་ཧྲེང་དམངས་སྲིད་པུས་ཁྱབ་བསྒྲགས་བྱས་པའི་རབས་གཉིས་པའི་འཇར་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་གཞུང་ནང་བཅུག

དཔྱད་གཞིའི་ཡིག་ཆ།