མཁས་མཆོག་འདི་ནི་སྤྱི་ལོ1840ལོར་དཔའ་རིས་རྫོང་ཡར་ལུང་ཐོས་བསམ་དར་རྒྱས་གླིང་གི་ལྟག་ཀའི་ལུང་བའི་མཛོ་བུར་གོང་མའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སྐུ་ན་ཆུང་དུས་ཡར་ལུང་དགོན་པའི་ཚོགས་སུ་ཞུགས། སྐུ་གཞོན་དུས་ཤ་བོ་ལུང་དགེ་བཤེས་ཆོས་གྲགས་ཚང་དང་ལྷན་དུ་བླ་བྲང་ཆོས་སྡེ་ཆེན་མོ་དགའ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་འཁྱིལ་དུ་བྱོན་ནས་སློབ་གཉེར་གནང་། སྐུ་ཆས་ཤིན་ཏུ་བཀྲེན་ཡང་། དཀའ་སྤྱད་བཟོད་པའི་གོ་ཆ་བརྟན་པོར་བགོས་ཏེ་ལོ་བཅོ་བརྒྱད་ཀྱི་རིང་ལ་མདོ་ཕྱོགས་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི། ཐུན་མོང་བའི་རིག་གནས་སོགས་སྦྱང་བ་ཕུལ་དུ་ཕྱིན་ནས་རྡོ་རམས་པའི་དམ་བཅའ་བཞེས། དེ་ནས་སྔ་ཕྱིར་མཚོ་སྔོན་ཕྱོགས་ཀྱི་རོང་བོ་དགོན་དང་བྱ་ཁྱུང་། ཨ་རིག་དགོན་ཆེན། སྐུ་འབུམ་བྱམས་པ་གླིང་། དགོན་ལུང་། ཆུ་བཟང་། གསེར་ཁོག་དགོན་པ་སོགས་དང་། དཔའ་རིས་ཏེ་ཐུང་དང་མཆོད་རྟེན་ཐང་སོགས་སུ་ཕེབས་ནས། གཞུང་ཆེན་པོའི་གྲྭ་སྐོར་མཛད་ཅིང་སློབ་གཉེར་ལ་རྟིང་སྐུལ་གནང་། ཁམས་ཀྱི་མཁས་ཆེན་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དང་རྗེ་ཙོང་ཁ་བའི་དབུ་མའི་འདོད་ཚུལ་ཐད་ལུང་རིགས་ཀྱིས་བརྒལ་ལན་གནང་རེས་མཛད་པས་མཁས་པའི་གྲགས་པ་ཡོངས་སུ་ཁྱབ། སྤྱི་ལོ1903ལོར་ཨ་ལག་ཤའི་དགའ་ལྡན་ཕུན་ཚོགས་གླིང་དུ་གདན་དྲངས་ནས་མཁན་ཁྲི་མཛད། སྤྱི་ལོ1906ལོའི་ཟླ་དགུ་བར་རྒྱལ་དབང་བཅུ་གསུམ་པ་རྒྱལ་ས་པེ་ཅིང་དུ་ཕེབས་པའི་ལམ་བར། སྐུ་འབུམ་དུ་ལོ་གཅིག་བཞུགས་རིང་དཔའ་རིས་རབ་གསལ་ཁོང་དང་གསུང་གླེང་ཞིབ་རྒྱས་མང་དུ་མཛད་ཅིང་། ཁོང་གི་གཞུང་བརྒྱ་སྨྲ་བའི་རྣམ་དཔྱོད་ལ་ཐུགས་ཧ་ཅང་དགྱེས་པར་མ་ཟད། ཁོང་གི་ཡིག་གཟུགས་སྣ་ཚོགས་པའི་འབྲི་རྩལ་ལ་ཡང་བསྔགས་བརྗོད་བླ་མེད་མཛད་ཅིང་། རིག་གནས་ཀྱི་ཡོངས་འཛིན་དུ་བཀུར། དེ་ནས་རྒྱལ་དབང་བཅུ་གསུམ་པའི་སྐུ་རྗེས་སུ་འབྲངས་ནས་ནང་སོག་དང་། རྒྱ་ནག་རི་བོ་རྩེ་ལྔ། པེ་ཅིང་སོགས་སུ་ཕེབས་གྲོགས་མཛད། སྔ་ཕྱིར་ཨ་རིག་དགོན་ཆེན་དང་། ཏེ་ཐུང་སོགས་སུ་དུས་འཁོར་དབང་ཆེན་གནང་། མདོ་སྨད་ཡུལ་དུ་དམ་པའི་ཆོས་ཀྱི་ཆར་ཆེན་ཕབ་ཅིང་སློབ་མས་ས་སྟེང་གང་བར་བྱས། སྤྱི་ལོ1912ལོར་གཟུགས་སྐུ་རགས་པའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པར་མཛད་དོ། །
དཔའ་རིས་བློ་བཟང་རབ་གསལ་གྱི་འཁྲུངས་སའི་ལྟག་རྒྱབ་ཀྱི་བྲག་རི་ན་སྒོམ་དུ་བཞུགས་པའི་བྲག་ཕུག་ཅིག་འདུག ལོ་རབས་དགུ་བཅུ་བར་ཡུལ་འདིའི་མང་ཚོགས་ཀྱིས་མཁས་ཆེན་འཁྲུངས་གནས་སུ་བྱང་ཆུབ་མཆོད་རྟེན་ཞིག་བཞེངས། དེའི་རྗེས་བཙུན་མ་སྐལ་བཟང་སྒྲོལ་མས་ལོ་བཅུ་ལྷག་ལ་ཆོས་སྒྲུབ་རྟེན་སྲུང་གི་ལས་མཛད། སྤྱི་ལོ2016ལོའི་ཟླ7པར་བཙུན་མས་དཀར་སྡུད་ཞལ་འདེབས་ཀྱི་ཡོན་ལས་བཞེངས་པའི་ཇོ་མོ་དགོན་གྱི་འདུ་ཁང་ཆེན་མོར་སྐྱེས་ཆེན་དམ་པ་དུ་མ་དྲངས་ནས་ལེགས་གྲུབ་ཀྱི་རབ་གནས་མཛད་སྒོ་སྤེལ།
华锐•饶布萨,又称“华锐•洛桑饶布萨”、“华锐格西钦莫”,生于今甘肃省天祝县石门镇寺沟脑一农户家。他自幼入石门寺为僧,成年后赴拉卜楞寺闻思学院深造。在拉卜楞寺的18年时间里,他系统地学习了藏传佛教显密宗全部教程,并以优异的成绩考取了拉卜楞寺的最高学位——多然巴格西。学成后,他先后到隆务寺、夏琼寺、塔尔寺、郭隆寺和天堂寺等学习交流。因其佛法造诣很高,遂声誉大增。
1903年,华锐•饶布萨住青海塔尔寺并任该寺法台。1907年,十三世达赖喇嘛土登嘉措在塔尔寺驻锡期间听了华锐•饶布萨主讲的因明学、声明学和诗学讲座,对他的渊博学识给予了高度评价,对他的书法也颇加赞赏。华锐•饶布萨被聘为十三世达赖喇嘛的经师后,跟随达赖喇嘛去了蒙古等地。
华锐•饶布萨的知识涉猎面很广,尤其在佛学、因明学和诗学等方面有着很深的造诣。青海塔尔寺存有华锐•饶布萨的木刻版文集,这部文集中有对显密大论所作的疏释,也有对摄类论、因明论所作的探讨,另外还收集了他与居•米庞大师的精彩答辩书札。1991年,中国藏学出版社出版发行了《华锐•洛桑饶布萨文集》,全书收录了大师著作33种,共802页。
在大师出生地后山石崖下有一石洞,据说是他读书、静修之地。九十年代,当地群众积极参与募捐活动,在大师诞生地修建了一座菩提塔。2016年7月一位名叫尕藏卓玛的尼姑主持修建了“寺沟尼姑寺”大经堂。