བསམ་གཏན་གླིང་ནི་སྤྱི་ལོ1753ལོར་ཤར་རྩེའི་དཔོན་སློབ་ཁཱ་ཤཱི་ངག་དབང་ཕུན་ཚོགས་ཀྱིས་བཏབ་ཅིང་གྲུབ་མཐའ་དགེ་ལྡན་པ་ཡིན། ཁཱ་ཤཱི་དཔོན་སློབ་སྐུ་ཕྲེང་ལྔ་ཡིས་རིམ་པར་བསྐྱངས་ཏེ་སྔགས་ཕྱོགས་རྒྱུད་སྡེ་བཞིས་མཚོན་ཆོས་ཚན་མང་པོ་བློ་རྒྱུགས་དང་། ས་ལམ་བསྐྱེད་རྫོགས་ལ་སློབ་གཉེར་གནང་སྟེ་ཐུན་མོང་ཐུན་མིན་གྱི་རིག་གནས་ཀུན་ལ་གསན་གཟིགས་གནང་མུས་སུ་ཡོད་དོ
20210826
ཞེས་གསུངས་པ་ལྟར་རོ།། དེ་དག་ཀྱང་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཁོ་ནར་འདུ་ཞིང་། སྡེ་སྣོད་གསུམ་ཡང་མདོ་སྔགས་གཉིས་ལས་མ་འདས་ཏེ། མདོ་ཕྱོགས་ནི་གཞུང་བཀའ་པོད་ལྔ་དང་སྔགས་ཕྱོགས་ནི་རྒྱུད་སྡེ་བཞིས་གཏན་ལ་འབེབ་ཅིང་དེར་འདུ་བ་ཡིན་ནོ།།རྒྱ་ཡིག་གི་མིང་། 内明(佛学) ཁོངས་གཏོགས། རིག་གནས་ཆེ་བ་ལྔའི་ཡ་གྱལ
20160414
རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བཞིའོ། །བྱ་བའི་རྒྱུད། སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་བཞིའོ། ། (宗)密宗四续部,四部恒特罗:事续;行续;瑜伽续;无上瑜伽续。亦译作事部、行部、瑜伽部、无上瑜伽部。参 གསང་སྔགས་ཀྱི་རྒྱུད་སྡེ་བཞི
20180611
སངས་རྒྱས་ཆོས་ལུགས་ཀྱི་བྱ་བ་ལ་ནང་དོན་མཆོག་དམན་གྱི་རིམ་པ་དང་བསྟུན་ནས་རིགས་མི་འདྲ་བ་བཞིར་ཕྱེ་བ་སྟེ། བྱ་རྒྱུད་དང་སྤྱོད་རྒྱུད་རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཡིན་ཞིང་། རྒྱུད་སྡེ་བཞིའི་གོ་དོན་ཐད་ལ་ས་སྐྱ་པ་དང་། རྙིང་མ་བ། བཀའ་བརྒྱུད་པ། དགེ་ལུགས་པ་བཅས་ཀྱི་གྲུབ་མཐའ་སོ་སོས་གསུང་ཚུལ་ཅུང་ཙམ་མི་འདྲ་བ་རེ་ཡོད་པ་ཡིན་ནོ
20160509
བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་པའི་རྒྱུད་དོ། །བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་པའི་རྒྱུད་དོ། ། (宗)密宗四部、四部恒特罗:事部;行部;瑜伽部;无上瑜伽部。参 རྒྱུད་སྡེ་བཞི།
20180709
གྲྭ་བཙུན་ཐོབ་ཐང་འདྲ་མཉམ་གྱི་ལོ་རེའི་ལས་གནས་རེས་མོས་ངང་བདག་གཉེར་བྱེད་བཞིན་མཆིས། སློབ་གཉེར་གཙོ་བོ་ཚད་མ་དང་ནང་དོན་རིག་པ་ལ་སྦྱང་མཁན་མཚན་ཉིད་ཐོས་བསམ་གླིང་དང་། རྒྱུད་སྡེ་བཞི་སོགས་སྔགས་ཕྱོགས་ལ་ཉམས་བཞེས་མཛད་མཁན་གསང་སྔགས་ཆོས་གྲྭ་ཆེན་པོ་དང་། མདོ་གཉིས་ཀྱི་རྨང་གཞི་སྒྲ་དང་སྙན་ངག་སྡེབ་སྦྱོར་རྩིས་རིག་དང་དེང་རབས་རིག་གནས་ལ་སྦྱང་མཁན་ཚན་རྩལ་སློབ་གླིང
20180917
སྐུ་འབུམ་དགོན་པའི་སྨོན་ལམ་རབ་འབྱམས་པ་བློ་བཟང་དམ་ཆོས་སོགས་མཁས་གྲུབ་གཉིས་ལྡན་གྱི་དགེ་བའི་བཤེས་གཉེན་དུ་མ་ལ་བསམ་སྦྱོར་གཉིས་ཀྱིས་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་ལ་སློབ་གཉེར་མཐར་ཕྱིན་གནང་། སྤྱི་ལོ1944ལོ་ནས་སྤྱི་ལོ1958ལོའི་བར་མི་ལོ་བཅོ་ལྔའི་རིང་སྒོ་མེ་མཆོད་རྟེན་སྐེ་དགོན་པ་རུ་རྒྱུན་བཞུགས་གནང་སྟེ་འགྲོ་བ
20230911
《ཤེས་བྱ་ཀུན་ཁྱབ》ལས་བྱུང་བའི་རྒྱུད་སྡེ་བཞིར་དབྱེ་བའི་ཚུལ་བཞི་ལ་གོ་བ་ཡིན།1.ཁྲུས་དང་གཙང་སྦྲ་ལ་སོགས་ཕྱིའི་བྱ་བ་མང་པོ་ལ་མོས་པའི་གདུལ་བྱར་བྱ་བའི་རྒྱུད་བསྟན་པ། 2.དེ་ཁོ་ན་ཉིད་ལ་མོས་ཤིང་ཕྱིའི་བྱ་བ་མང་པོ་མ་ཡིན་པ་ལ་དགའ་བའི་གདུལ་བྱར་སྤྱོད་རྒྱུད་བསྟན་པ། 3.ཕྱིའི་བྱ་བ་མང་པོ་གཡེང་བར་ཤེས་ནས་དེ་ཁོ་ན་ཉིད་སྒོམ་པ་ལ་གཅིག་ཏུ
20210621
གསང་སྔགས་ཀྱི་སྐོར།རྒྱ་ཡིག 密乘,佛教密宗 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། གསང་སྔགས་ཀྱི་སྐོར། 密乘,佛教密宗。
20220411
《ལྡེའུ་ཆོས་འབྱུང》ལས་བྱུང་བའི་རྒྱུད་སྡེ་བཞི་པོའི་ཁྱད་པར་བཞི་ལ་གོ་བ་ཡིན།འདི་ལ་ཁག་གཉིས་ཡོད། 1.ཀྲི་ཡ་བ་ནི། དོན་དམ་པར་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་ཡང་། ཀུན་རྫོབ་ཏུ་ལྷ་དང་བདག་ཉིད་རྗེ་ཁོལ་ལྟ་བུར་འདོད་དེ། ལྷ་ནི་རྗེ་དང་ཁོལ་དུ་གནས་ཞེས་པའམ། རྟོག་པ་རྣམ་པར་གྲོལ་བའི་རྒྱུད་ལས། དོན་དམ་སྤྲོས་བྲལ་སྟོང་པའི་ངང་ཉིད་ལས༎ ཀུན་རྫོབ་སྒྱུ་མ་ལྟ་བུའི
20210625