རྒྱ་ཡིག 1. 多,充足;2. 虽然,然而
དབྱིན་ཡིག 1.plentiful; 2.although, even though
1.དག་ཡིག་གསར་བསྒྲིགས་ལས། ①(རྒྱན་ཚིག)མང་བའི་རྣམ་པ་སྟེ། རོང་ཁུལ་དུ་འབྲུ་རིགས་མོད། འབྲོག་ཁུལ་དུ་ཕྱུགས་རིགས་མོད་ལྟ་བུ། ②(སྦྲེལ་ཚིག)ལས་ཚིག་འདས་པ་དང་ལས་ཚིག་རྗེས་མཐུན་པ། རྒྱན་ཚིག་བཅས་ཀྱི་མཐར་སྦྱར་ན་ཚིག་སྔོན་མ་མི་མཐུན་པ་སྟོན་ཏེ། རྒྱ་ཡིག་ལོ་འགར་སྦྱངས་མོད། ད་དུང་མུ་མཐུད་དུ་སྦྱང་དགོས། རྟ་འདི་གཟུགས་ཧ་ཅང་ཆེ་མོད། འོན་ཀྱང་འགྲོས་དེ་འདྲ་མགྱོགས་པ་ཞིག་མ་རེད། རྒྱལ་ཁ་བླངས་མོད་ཀྱི། ད་དུང་དཀའ་ངལ་མང་བོ་འདུག་ལྟ་བུ།
2.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ①འཕྲལ་དང༌། དེ་མ་ཐག་པའི་དུས། 名词。立刻,即时:ཁོ་རང་མོད་དུ་ཤོག་ཟེར་རོགས། 请叫他立刻来!ཚོགས་འདུ་གྲོལ་མོད་དུ་ལས་གྲྭ་ཚུགས་ཡུལ་ལ་ཕྱིན་པ། 散会了立即去到了工地。②མི་མཐུན་པའི་དོན་ལ་འཇུག་པའི་ཕྲད་ཅིག 连词。虽然,然而。一个反接的连词:ཡིན་མོད། 虽是。ཡོད་མོད། 虽有。གོ་སྐབས་བྱུང་མོད་ཀྱི། 虽然有机会。ཁྱོད་ཀྱིས་བཤད་པའི་གནས་ཚུལ་ཕལ་ཆེར་བདེན་མོད་ཀྱི་ད་དུང་བརྟག་དཔྱད་ཅིག་བྱེད་དགོས། 你谈的情况虽然大半是真实的,但还需要继续研究。③མང་པོའམ་འབེལ་པོ། 形容词。多,充足。