སྦ་བའི་ཤིང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 09:29ལ་འགྲུབ།

སྦ་བའི་ཤིང་།

སྦ་བའི་ཤིང་།
སྦ་བའི་ཤིང་ནི་ཤིན་ཏུ་གཞོན། ། མུ་ལེ་གྲུམ་ཤིང་ལ་སོགས་པའི། ། ཤིང་གཞན་དག་ལ་འཁྲིལ་ནས་སྐྱེས། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴瓦藤萝
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
1 ​ངོ་བོ།

སྦ་བའི་ཤིང་ནི་ཤིན་ཏུ་གཞོན། ། མུ་ལེ་གྲུམ་ཤིང་ལ་སོགས་པའི། ། ཤིང་གཞན་དག་ལ་འཁྲིལ་ནས་སྐྱེས། །

2 ཕན་ནུས།

སྦ་བའི་བར་ཤུན་སྒྲོན་ཤིང་དང་། །ལྕང་མའི་བར་ཤུན་དག་དང་ནི། །བྲ་མའི་རྩ་བ་རྣམས་སྦྱར་ཏེ། །སྐ་སླ་ལུག་ཞོའི་ཚད་དུ་བྱ། །ཚ་སྐྲངས་ལ་ནི་ཞོ་དང་སྦྱར། །གྲང་སྐྲངས་ལ་ནི་ཆུ་དང་སྦྱར། །ཤ་ལ་མི་མངོན་བྱུག་པ་ན། །ཚ་གྲང་སྐྲངས་རྣམས་འདི་ཡིས་སེལ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །

བརྡ་འགྲེལ་གདོང་འཛར།

སྦ་བ། ཤིང་སྨན། སྐྲངས་སེལ།