ལྕང་མ་སྦྱར་པ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 09:29ལ་འགྲུབ།

ལྕང་མ་སྦྱར་པ།

ལྕང་མ་སྦྱར་པ།
ལྕང་མ་སྦྱར་པ་ཞེས་བྱ་བ། ། སྡོང་པོ་ལོ་མ་ཆེ་བ་ལ། ། མེ་ཏོག་བལ་འདྲ་དཀར་པོ་འབྱུང་། ། འབྲས་བུ་ཤིང་རྒན་འབྲུམ་པ་ཅན། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杨柳
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
1 ​ངོ་བོ།

ལྕང་མ་སྦྱར་པ་ཞེས་བྱ་བ། ། སྡོང་པོ་ལོ་མ་ཆེ་བ་ལ། ། མེ་ཏོག་བལ་འདྲ་དཀར་པོ་འབྱུང་། ། འབྲས་བུ་ཤིང་རྒན་འབྲུམ་པ་ཅན། །

2 ཕན་ནུས།

ལྕང་མ་སྦྱར་བའི་ཤུན་པ་དང་། །ཁྲག་གཅོད་སྨན་རྣམས་ཞོ་དང་སྦྱར། །རྩ་སྐྱོན་དག་གིས་སྐྲངས་པ་ལ། །བྱུགས་པས་སྐྲངས་རྣམས་ཐམས་ཅད་འཇོམས། །མཁྲིས་རྩ་སྐྲངས་ན་ཞོ་དང་སྦྱར། །རླུང་རྩ་སྐྲངས་ན་བུ་རམ་སྦྱར། །རྩ་སྐྱོན་སྐྲངས་ན་བུ་རམ་སྦྱར། །རྩ་སྐྱོན་སྐྲངས་པའི་ནད་འཇོམས་པར། །ལྕང་མ་སྦྱར་པའི་ཤུན་པ་བཟང་། །རྒྱ་ལྕང་དཀར་པོ་ལེགས་པ་ཡིན། །རྩ་ཡི་རྣག་ཆུ་བུ་གར་འདྲེན། །ལྕང་མའི་མེ་ཏོག་རྒྱ་ཆེ་དང་། །མུ་ཟི་སེར་པོ་རྡོ་ཁུ་དཀར། །དེ་རྣམས་ཞོ་དང་སྦྱར་ལ་བླུད། །རྩ་རྣག་སྐྲངས་མགོ་འདྲེན་པའི་སྨན། །ལྕང་མའི་སྨན་སྦྱོར་དམ་པ་ཡིན། །

བརྡ་འགྲེལ་གདོང་འཛར།

ལྕང་མ། སྦྱར་པ། ཤིང་སྨན།