བེ་ཤིང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2023-11-29 09:29ལ་འགྲུབ།

བེ་ཤིང་།

བེ་ཤིང་།
བེ་ཤིང་ཞེས་བྱའི་སྡོང་པོ་མཁྲེགས། ། ལོ་མ་མཁྲེགས་ཤིང་སྒོར་ལ་ལེབ། ། ཅུང་ཟད་ཚེར་མ་ཡོད་པ་ཡིན། ། འབྲས་བུ་ཛཱ་ཏི་ཕ་ལ་འདྲ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青棡树
ཁོངས་གཏོགས།
ཤིང་སྨན་གྱི་རིགས།
1 ​ངོ་བོ།

བེ་ཤིང་ཞེས་བྱའི་སྡོང་པོ་མཁྲེགས། ། ལོ་མ་མཁྲེགས་ཤིང་སྒོར་ལ་ལེབ། ། ཅུང་ཟད་ཚེར་མ་ཡོད་པ་ཡིན། ། འབྲས་བུ་ཛཱ་ཏི་ཕ་ལ་འདྲ། །

2 ཕན་ནུས།

བེ་ཤིང་ལོ་འབྲས་ཤིང་མངར་དང་། །འདམ་བུ་ཀ་ར་དབང་པོ་ལག །རེ་རལ་དང་ནི་རྒུན་འབྲུམ་དང་། །ཧོང་ལེན་སྤང་རྩི་དོ་བོ་རྣམས། །ཆུ་ལ་བཏབ་འཐུང་རྨ་ནད་འཚོ། །ཆུ་མི་འཇིགས་ཀྱི་རྒྱལ་པོ་སྟེ། །ཡན་ལག་ཆུ་འཐུང་ཞེས་བྱའོ། །བེ་ཤིང་གིས་ནི་འབྲས་ནད་གསོ། །བེ་ཤིང་དག་གི་ལོ་མ་དང་། །སྟག་མའི་མེ་ཏོག་དག་དང་ནི། །ལྕམ་པ་རྒུན་འབྲུམ་ཤིང་མངར་དང་། །དེ་བའི་ཤིང་གི་བར་ཤུན་དང་། །གླང་དང་ཤྭ་བ་དགོ་བ་དང་། །དེ་ཕོ་ཕྱི་སྡེར་ཐལ་བ་དང་། །ར་རུའི་ཐལ་བ་ཀ་ར་རྣམས། །འོ་མ་དང་སྦྱར་རིལ་བུ་བྱ། །ཆུ་ཡིས་ཕུལ་ལ་ཁོང་དུ་བཏང་། །རྨ་རྣམས་གསོ་ལ་ཆུས་མི་འཇིགས། །བེ་ཤིང་རྨ་རྣམས་ཀུན་གྱི་སྨན། །སྦྱོར་སྡེ་གཞན་ཡང་བསམ་མི་ཁྱབ། །

བརྡ་འགྲེལ་གདོང་འཛར།

ཤིང་སྨན། སྨན་རྫས། རྨ་གསོ།