ཡོན་ཏན་གྱི་ཕན་ཡོན་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བཅུ་གཉིས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2022-05-20 08:09ལ་འགྲུབ།

ཡོན་ཏན་གྱི་ཕན་ཡོན་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བཅུ་གཉིས།

འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བའི་ཡོན་ཏན་གྱི་ཕན་ཡོན་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བཅུ་གཉིས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ད་པ》ཤ67ན5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.བདག་གིས་བྱིན་གྱི་རླབས་ཕུན་སུམ་ཚོགས་པ་ཡོངས་སུ་ཟིན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

2.བྱང་ཆུབ་སེམས་དཔའི་ལམ་དུ་ཞུགས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ།

3.བདག་གི་ཉོན་མོངས་པའི་འཆིང་བ་རྣམས་ལྷོད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

4.བདག་ངན་འགྲོ་ཐམས་ཅད་ལས་དག་པར་འདའ་བར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

5.བདག་གིས་ངན་འགྲོའི་ལམ་ཐམས་ཅད་རྣམ་པར་སྦྱངས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ།  

6.བདག་གི་ལུས་དང་། ངག་དང་། ཡིད་ཀྱི་ཁ་ན་མ་ཐོ་བ་མེད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

7.མཁས་པའི་སྐྱེ་བོ་རྣམས་ཀྱིས་སྨད་པ་མེད་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

8.བདག་ཡོད་པའི་ཆོས་ལ་བརྟེན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ།

9.བདག་གིས་སེམས་ཅན་ཐམས་ཅད་ལ་མི་འཇིགས་པའི་སྦྱིན་པ་བྱིན་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ།

10.ལུས་དང་། ངག་དང་། ཡིད་ཀྱི་ལས་སྡོམ་པ་ཐོབ་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ། 

11.བདག་གིས་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྒྲུབ་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ།

12.བདག་གིས་དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བླ་ན་མེད་པ་ཡོངས་སུ་སྦྱངས་པར་འགྱུར་བར་མཐོང་བས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱ་བ་བཅས་སོ༎