ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 181 ཡོད།

ངན་འགྲོ།

ངན་འགྲོ་ནི་རྒྱུ་མི་དགེ་བའི་ལས་ཆེ་བ་མང་དུ་བསགས་ནས་འབྲས་བུ་སྡུག་བསྔལ་ཆེ་བ་ཁོ་ན་མྱོང་བར་འགྲོ་བའི་ངན་སོང་གསུམ་སྤྱིའི་མིང༌།རྒྱུ་མི་དགེ་བའི་ལས་ཆེ་བ་མང་དུ་བསགས་ནས་འབྲས་བུ་སྡུག་བསྔལ་ཆེ་བ་ཁོ་ན་མྱོང་བར་འགྲོ་བའི་དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་གྱི་སྤྱིའི་མིང་།རྒྱ་ཡིག་གི་མིང་། 恶趣 恶途 三途 ཁོངས་གཏོགས། ནང་བསྟན་གྱི་བརྡ་ཆད

20180528

ངན་འགྲོ་བ།

ངན་འགྲོ་གསུམ་དུ་སྐྱེས་པའི་སེམས་ཅན།རྒྱ་ཡིག 恶趣者,恶趣众生 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ངན་འགྲོ་གསུམ་དུ་སྐྱེས་པའི་སེམས་ཅན། 恶趣者,恶趣众生。往生三途受苦的有情。

20220210

ངན་འགྲོའི་སྐྱེ་བ་རྣམ་པ་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ངན་འགྲོའི་སྐྱེ་བ་རྣམ་པ་གསུམ་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.དམྱལ་བའི་འགྲོ་བ་པ། 2.དུད་འགྲོའི་འགྲོ་བ་པ། 3.ཡི་དྭགས་ཀྱི་འགྲོ་བ་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ115ན4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210301

ངན་འགྲོའི་ཚེ་ཚད་བཅོ་བརྒྱད།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ངན་འགྲོའི་ཚེ་ཚད་བཅོ་བརྒྱད་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.ཡང་སོས་ཚེ་ཚད་ནི། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཚེའི་ཚད་དག་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ ། དེས་ན་ཚད་ནི་ལྔ་བརྒྱའོ༎ 2.ཐིག་ནག་གི་ཚེ་ཚད་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས

20201216

ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས།

ལམ་འགའ་ཞིག་རྒྱལ་བ་ཉིད་དུ་འགྲོ་བ་དང༌། ལམ་འགའ་ཞིག་རང་རྒྱལ་གྱི་བྱང་ཆུབ་དང༌། ཉན་ཐོས་ཀྱི་བྱང་ཆུབ་ཏུ་འགྲོ་བ་དང༌། ལམ་འགའ་ཞིག་ངན་འགྲོ་དང་བདེ་འགྲོ་སོགས་སུ་འགྲོ་བའི་ལམ་ཡང་དག་པ་དང་ལོག་པར་ངེས་པའི་ལམ་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པ་སྟེ་སྟོབས་བཅུའི་ནང་ཚན་ཞིགརྒྱ་ཡིག 遍趋行智九知一切所行道智力 1.བོད་རྒྱ་ཚིག་མཛོད་ཆེན་མོ

20240108

གཙུག་ཏོར་རྣམ་པར་རྒྱལ་བ་ངན་འགྲོ་རྣམ་སྦྱོང་།

ལྷའི་བུ་ཤིན་ཏུ་བརྟན་པས་ཞག་བདུན་ན་ཤི་སྟེ་འགྲོ་བ་བདུན་མྱངས་ནས་དམྱལ་བར་སྐྱེའོ་ཞེས་པའི་སྒྲ་ཐོས་པ། བརྒྱ་བྱིན་ལ་སྨྲས་ཏེ། དེས་ཞུས་པས་གཙུག་ཏོར་རྣམ་པར་རྒྱལ་བ་ངན་འགྲོ་རྣམ་སྦྱོང་གསུངས་པས། ལྷའི་བུ་དེའི་སྡིག་པ་དག་ཅིང་ཚེ་བསྲིངས་སོ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྟྲ་བོ་དྷི་དང་། བོད་ཀྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར

20190621

ལྷ་ཡི་འཇིག་རྟེན་ནས་ངན་འགྲོར་སྐྱེ་བའི་རྒྱུ་གསུམ།

འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བའི་ལྷ་ཡི་འཇིག་རྟེན་ནས་ངན་འགྲོར་སྐྱེ་བའི་རྒྱུ་གསུམ་བསྟན་ཡོད།འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ། 1.དམ་པའི་ཆོས་བསྒྲགས་པ་ན་མི་ཉན་པ། 2.སྡིག་པ་ལ་བསྙེན་པ། 3.དགེ་བའི་བཤེས་གཉེན་མ་ཡིན་པར་དགེ་བའི་བཤེས་གཉེན་ལྟར་འཆོས་པ་དེ་དག་རྣམས་ལ་དད་པར་བྱེད་པའོ༎འབྱུང་ཁུངས

20210524

ངན་འགྲོ་དང་།ངན་སོང་ཐམས་ཅད་ཆད་པར་འགྱུར་བའི་ཆོས་བཞི།

འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བའི་ངན་འགྲོ་དང་། ངན་སོང་ཐམས་ཅད་ཆད་པར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ། 2.དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་ཐམས་ཅད་སྲུང་བ། 3.གཞན་གྱི་ཉེས་པ་མི་གླེང་ཞིང་བརྙས་པར་མི་བྱེད་པ

20210616

གན་བུབ།

1.གན་བུབ་ཅེས་པ་ནི་གན་རྐྱལ་དང་ཁ་སྦུབ་གཉིས་ཀྱི་བསྡུས་ཚིག 2.གན་བུབ་ནི། གན་རྐྱལ་བདེ་འགྲོ་དང་། ཁ་བུབ་ནི་ངན་འགྲོར་སྐྱེ་བའི་བརྡའོ། །རྒྱ་ཡིག 仰和覆,俯仰。 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [བརྡ་རྙིང] གན་རྐྱལ་དང་ཁ་སྦུབ་གཉིས།

20240116

སྐྱེ་ངན

སྐྱེ་བ་ངན་པའི་བསྡུས་མིང་སྟེ། དམྱལ་བ། ཡི་དྭགས། དུད་འགྲོ་སྟེ་ངན་སོང་གསུམ།རྒྱ་ཡིག 劣生。 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སྐྱེ་བ་ངན་པ་སྟེ་ངན་འགྲོ། 佛书译为恶趣,泛指佛家所说地狱、饿鬼及旁生的三恶道一切众生。

20200406