སེམས་བསྐྱེད་པའི་ཡོན་ཏན་བཅུ་གཅིགསྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2022-05-18 08:10ལ་འགྲུབ།

སེམས་བསྐྱེད་པའི་ཡོན་ཏན་བཅུ་གཅིག

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་བྱུང་བའི་སེམས་བསྐྱེད་པའི་ཡོན་ཏན་བཅུ་གཅིག་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་མདོ་སྡེ་ཅི་པ》ཤ159ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།

1 རྣམ་གྲངས་འདྲེན་པ།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།

1.སེམས་བསྐྱེད་པའི་ཡོན་ཏན།

2.ཤེས་བྱའི་སྒྲིབ་པ་སྤངས་ཏེ། ཤེས་པ་ཁོང་དུ་ཆུད་པའི་ཡོན་ཏན།

3.རྒྱུ་བསགས་པའི་ཡོན་ཏན།

4.སྤྱོད་པ་དག་པའི་ཡོན་ཏན།

5.མངོན་པར་བྱང་ཆུབ་པའི་ཡོན་ཏན།

6.མཉན་པར་ཕན་འདོགས་པའི་ཡོན་ཏན།

7.ཉན་ཐོས་དང་སོ་སོའི་སྐྱེ་བོ་ལམ་ལས་རྒལ་བའི་ཡོན་ཏན།

8.བགེགས་བཅོམ་པའི་ཡོན་ཏན།

9.ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤངས་པའི་ཡོན་ཏན།

10.བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་ཡོན་ཏན།

11.འབྲས་བུ་ཕུན་སུམ་ཚོགས་པའི་ཡོན་ཏན་བཅས་སོ༎