ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:14ལ་འགྲུབ།

ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ།

ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ་ཡོད་པ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཕལ་ཆེན་ཀ་པ》ཤ362བ3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ཕལ་ཆེན་ལེའུ་ཉི་ཤུ་པ་བྱང་ཆུབ་སེམས་དཔའི་རྣམ་པར་དགོད་པ་བསྟན་པ་ལས་བྱུང་བ་རྣལ་འབྱོར་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱ་བ་བཅུ་སྟེ།

1.སེམས་ཅན་གྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

2.ཆོས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

3.འཇིག་རྟེན་གྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

4.སའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

5.ཆུའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

6.མེའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

7.རླུང་གི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

8.འདོད་པའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎

9.གཟུགས་ཀྱི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱའོ༎ 

10.གཟུགས་མེད་པའི་ཁམས་བརྟག་པ་ལ་ཡོངས་སུ་བསྐུལ་བར་བྱ་བའོ༎