ཧྲེང་ཅེ་ཨེར་ཅི།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:35ལ་འགྲུབ།

ཧྲེང་ཅེ་ཨེར་ཅི།

ཧྲེང་ཅེ་ཨེར་ཅི།
ཧྲེང་ཅེ་ཨེར་ཅི·ཨ་ཨེར་པོ་ཐུ་ནི་སྤྱི་ལོ1893ལོར་འཁྲུངས་ཤིང་། ཧང་ག་རིའི་ལུས་ཁམས་རིག་པ་བ་ཞིག་ཡིན། སྤྱི་ལོ1937ལོར་ནོ་པེར་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
圣捷尔吉·阿尔伯特
ཕྱི་ཡིག་གི་མིང་།
Szent-Györgyi Albert
མཚན་ཧྲིལ་པོ།
ཧྲེང་ཅེ་ཨེར་ཅི·ཨ་ཨེར་པོ་ཐུ།
རྒྱལ་ཁབ།
ཧང་ག་རི།
འཁྲུངས་ཡུལ།
ཧང་ག་རི།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1893.9.16-1986.10.22)
གྲུབ་འབྲས་གཙོ་བོ།
སྤྱི་ལོ1937ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་རེད།
1 ​ངོ་སྤྲོད།

ཧྲེང་ཅེ་ཨེར་ཅི·ཨ་ཨེར་པོ་ཐུ་ནི་སྤྱི་ལོ1893ལོར་འཁྲུངས་ཤིང་། ཧང་ག་རིའི་ལུས་ཁམས་རིག་པ་བ་ཞིག་ཡིན། ཁོང་གིས་སྐྱེ་དངོས་ཀྱི་འབར་བའི་བརྒྱུད་རིམ་དང་འབྲེལ་བའི་ཤེས་རྟོགས་དང་། ལྷག་པར་དུ་འཚོ་རྒྱུCདང་ཡན་ཧུའུ་སུའོ་སྐྱུར་གྱི་འགྱུར་སྐུལ་ནུས་པའི་སྐོར་ལ་བརྟེན་ནས་སྤྱི་ལོ1937ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་རེད།

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཁྲོད་ཁོང་ནཱ་ཚུའེ་འཇར་མན་གྱི་ལས་འགུལ་ལ་འགོག་རྒོལ་བྱེད་པའི་ལས་འགུལ་ཁྲོད་ཞུགས་པ་དང་། དམག་འཁྲུག་གི་རྗེས་སུ་ཧང་ག་རིའི་ཆབ་སྲིད་ལ་ཞུགས། སྤྱི་ལོ1947ལོར་གུང་ཁྲན་ཏང་གིས་སྲིད་དབང་བཟུང་རྗེས་ཨ་རིར་གནས་སྤོས་ཤིང་། རྒྱལ་བཙུགས་འཕྲོད་བསྟེན་ཞིབ་འཇུག་ཁང་དུ་འབྲས་སྐྲན་སྐོར་གྱི་ཚན་རིག་ཞིབ་འཇུག་གི་ལས་ཀ་བསྒྲུབས།  


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཧང་ག་རི། འཚོ་རྒྱུC འབྲས་སྐྲན།