བདེན་པར་སྨྲ་བའི་ཕན་ཡོན་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-16 11:41ལ་འགྲུབ།

བདེན་པར་སྨྲ་བའི་ཕན་ཡོན་བཞི།

དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བའི་བདེན་པར་སྨྲ་བའི་ཕན་ཡོན་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཀོན་བརྩེགས་ང་པ》ཤ33བ2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

དཀོན་བརྩེགས་འཕགས་པ་འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ།

1.དེའི་ཁོ་ན་ཨུཏྤ་ལའི་དྲི་ངད་འབྱུང་བ།

2.ལུས་དང་ངག་དང་ཡིད་ཀྱི་ལས་མཐའ་ཡོངས་སུ་དག་པར་འགྱུར་བ།

3.ལྷར་བཅས་པའི་འཇིག་རྟེན་གྱི་ཚད་མར་གྱུར་ཅིང་ཚིག་འཁྲུག་པ་མེད་པར་འགྱུར་བ།

4.སངས་རྒྱས་ཀྱི་གསུང་ཕུན་སུམ་ཚོགས་པ་ཡོངས་སུ་འཛིན་པའོ༎