ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 66 ཡོད།

སངས་རྒྱས་ཀྱི་གསུང་གི་སྐྱོན་གཉིས།

རྣམ་པར་བཤད་པའི་རིགས་པ་ལས་བྱུང་བའི་སངས་རྒྱས་ཀྱི་གསུང་གི་སྐྱོན་གཉིས་བསྟན་ཡོད།རྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ། 1.ཤིན་ཏུ་རྙེད་པར་དཀའ་བ། 2.ཡུན་རིང་དུ་མི་གནས་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཤི་པ》ཤ125བ2ལས་བཏུས། རིགས་དབྱེ། ནང་དོན་རིག་པ།

20210112

རིམ་གྲོ།

གསོ་བྱ་ནད་གདོན་ལས་གྲོལ་བའི་ཆེད་དུ་སངས་རྒྱས་ཀྱི་གསུང་བསྒྲགས་པ་སོགས་ཞི་རྒྱས་དབང་དྲག་གང་རུང་སྒོ་ནས་སྐུ་རིམ་སྒྲུབ་པ་ལ་བྱའོ། །གསོ་བྱ་ནད་གདོན་ལས་གྲོལ་བའི་ཆེད་དུ་སངས་རྒྱས་ཀྱི་གསུང་བསྒྲགས་པ་སོགས་ཞི་རྒྱས་དབང་དྲག་གང་རུང་སྒོ་ནས་སྐུ་རིམ་སྒྲུབ་པ་ལ་བྱ་སྟེ། ལེགས་བཤད་གསེར་སྙེ་ལས། རིམ་གྲོ་ནི། སྐུ་རིམ་སྒྲུབ་པའོ

20231128

སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཡོན་ཏན་གཉིས།

རྣམ་པར་བཤད་པའི་རིགས་པའི་ལས་བྱུང་བའི་སངས་རྒྱས་ཀྱི་གསུང་བསྟན་བཅོས་ཀྱི་མཚན་ཉིད་དུ་འཐད་པའི་ཡོན་ཏན་གཉིས་རྒྱས་བར་བསྟན་ཡོད།རྣམ་པར་བཤད་པའི་རིགས་པ་ལས་བྱུང་བ་སྟེ། 1.ངེས་པའི་ཚིག་ཏུ་འཆོས་པ། 2.སྐྱོབ་པར་བྱེད་པའོ༎ ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་༎ ངན་འགྲོ་སྲིད་ལས་སྐྱོབ་པ་གང་ཡིན་ཏེ༎ འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ

20210112

རྒྱལ་བའི་གསུང༌།

སངས་རྒྱས་ཀྱི་གསུང༌།རྒྱ་ཡིག 佛经,佛语 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཀྱི་གསུང༌། 佛经,佛语。

20211011

གསུང་རབ།

དག་ཡིག་གསར་བསྒྲིགས་ལས། ①ཆོས་ལུགས་པས་རང་གིས་དད་པ་བྱེད་པའི་ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་བཤད་པའི་དཔེ་ཆ་ལ་གསུང་རབ་ཟེར། ②ཚད་ལྡན་དང་གཞི་འཛིན་སར་བྱེད་ཆོག་པའི་དཔེ་ཆའི་མིང་ལའང་གསུང་རབ་ཟེར། 2.བརྡ་དག་མིང་ཚིག་གསལ་བ་ལས། སངས་རྒྱས་ཀྱི་གསུངས་གསུང་རབ་ཡན་ལག་བཅུ་གཉིས་ཏེ་མདོ་སྡེ་དབྱངས་བསྙད་ལུང་བསྟན་སོགས་དེ་རྣམས་སྡེ་སྣོད་གསུམ་དུ་བསྡུས

20190329

བཀའ་མ།

སངས་རྒྱས་ཀྱི་གསུངས་ཡོད་དོ་ཅོགརྒྱ་ཡིག佛经 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སངས་རྒྱས་ཀྱི་གསུངས་ཡོད་དོ་ཅོག 名词。佛经。佛亲口说的一切经典

20191204

ཚོམས།

ཚོམས་ནི་ཆེད་དུ་བརྗོད་པའི་ཚོམས་ཞེས་པ་སྟེ། སངས་རྒྱས་ཀྱི་གསུང་ཐོར་བུ་རྣམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པ་ལ་བམ་པོ་བཞི་དང་། མི་རྟག་པའི་ཚོམས་ནས་བྲམ་ཟེའི་ཚོམས་ཀྱི་བར་དུ་ལེའུ་སུམ་ཅུ་རྩ་གསུམ་ཡོད་པ་ཞིགཆེད་དུ་བརྗོད་པའི་ཚོམས་ཞེས་པ་སྟེ། སངས་རྒྱས་ཀྱི་གསུང་ཐོར་བུ་རྣམས་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་ཕྱོགས་གཅིག་ཏུ་བསྡུས་པ་ལ་བམ་པོ

20180605

འདུལ་བ་མདོ་རྩ།

རིམ་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན།རྒྱ་ཡིག 《律经根本律》 སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི《འདུལ་བ་མདོ་རྩ་བ》འདིའི་ནང་དོན་ནི་སངས་རྒྱས་ཀྱི་གསུང་རབ་ནང་བཞུགས་པའི《འདུལ་བ་ལུང་སྡེ་བཞི》ཡི་བརྗོད་དོན་རྣམས་གོ་རིམ་དུ་བསྒྲིགས་ནས་གནད་ཚང་བར་མཛད་པ་ཞིག་ཡིན

20170912

མངོན་པའི་སྡེ་སྣོད།

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། ལྷག་པ་ཤེས་རབ་ཀྱི་བསླབ་པ་བརྗོད་བྱའི་གཙོ་བོར་སྟོན་པའི་སངས་རྒྱས་ཀྱི་གསུང་རབ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་བཅས་ལ་མངོན་པའི་སྡེ་སྣོད་ཟེར། དཔེར་ན་བཀའ་འགྱུར་ནང་གི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལྟ་བུ་དང༌། བསྟན་འགྱུར་ནང་གི་དབུ་མ་དང༌། མངོན་པ་འོག་མ། རིག་པའི་གནས་ལྔའི་སྐོར་གྱི་གཞུང་རྣམས་ལྟ་བུ་ཡིན

20170602

ངག་གི་ལས་ཡོངས་སུ་དག་པ་བརྒྱད།

སྙན་ཅིང་འཇམ་པའི་ཚིག 4.ལུས་དང་སེམས་ཚིམ་པར་བྱེད་པས་ཀ་ལ་པིང་ཀའི་སྒྲ་སྐད་ལྟ་བུ། 5.སེམས་ཅན་སྡུད་པས་ཚིག་སྙན་པ། 6.སྒྲ་ཐམས་ཅད་ཟིལ་གྱིས་གནོན་པས་ཚངས་པའི་སྒྲ་ལྟ་བུ། 7.ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཟིལ་གྱིས་མི་ནོན་པས་སེདྒེ་འགྱིང་བའི་སྒྲ་ལྟ་བུ། 8.སེམས་ཅན་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་བྱེད་པས་སངས་རྒྱས་ཀྱི་གསུང་ངོ

20170526