བདེན་པ་ལ་མཁས་པའི་འཇུག་པ་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-16 11:37ལ་འགྲུབ།

བདེན་པ་ལ་མཁས་པའི་འཇུག་པ་བཞི།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བའི་བདེན་པ་ལ་མཁས་པའི་འཇུག་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཕ་པ》ཤ190ན4ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ།

1.སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི། གང་ཕུང་པོ་རྣམས་མི་སྐྱེ་བར་ཤེས་པའོ༎

2.ཀུན་འབྱུང་བ་ཤེས་པ་ནི། གང་སྲེད་པ་ལེགས་པར་འཇོམས་པ་ཤེས་པའོ༎

3.འགོག་པ་ཤེས་པ་ནི། མ་རིག་པ་དང་། བག་ལ་ཉལ་བ་རྣམས་མི་འབྱུང་བའོ༎

4.ལམ་ཤེས་པ་ནི། མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པའོ༎