ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 18 ཡོད།

འགོག་པ་ཤེས་པ།

ཤེས་པ་བཅུའི་གྲས་ཤིག་སྟེ་ཁམས་གོང་འོག་གི་འགོག་བདེན་རྟོགས་པར་བྱེད་པའི་ཤེས་པ།རྒྱ་ཡིག 灭智 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཤེས་པ་བཅུའི་གྲས་ཤིག་སྟེ་ཁམས་གོང་འོག་གི་འགོག་བདེན་རྟོགས་པར་བྱེད་པའི་ཤེས་པ། 灭智。十智之一。证上下界灭谛之智。

20210806

ཤེས་པ་བཅུ།

མཛོད་ལས་བཤད་པའི་ཤེས་པ་བཅུ་ནི། སངས་རྒྱས་ཀྱི་སའི་ཆོས་ཤེས་དང་། རྗེས་ཤེས། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཀུན་རྫོབ་ཤེས་པ། གཞན་གྱི་སེམས་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ་སྟེ་བཅུ།མཛོད་ལས་བཤད་པའི་ཤེས་པ་བཅུ་ནི། སངས་རྒྱས་ཀྱི་སའི་ཆོས་ཤེས་དང་། རྗེས་ཤེས། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ

20181127

ཤེས་པ་བཅུ།

མཛོད་ལས་བཤད་པའི་ཤེས་པ་བཅུ་ནི། སངས་རྒྱས་ཀྱི་སའི་ཆོས་ཤེས་དང་་་་་་མཛོད་ལས་བཤད་པའི་ཤེས་པ་བཅུ་ནི། སངས་རྒྱས་ཀྱི་སའི་ཆོས་ཤེས་དང༌། རྗེས་ཤེས། སྡུག་བསྔལ་ཤེས་པ། ཀུན་འབྱུང་ཤེས་པ། འགོག་པ་ཤེས་པ། ལམ་ཤེས་པ། ཀུན་རྫོབ་ཤེས་པ། གཞན་གྱི་སེམས་ཤེས་པ། ཟད་པ་ཤེས་པ། མི་སྐྱེ་བ་ཤེས་པ་སྟེ་བཅུ།

20180313

ཤེས་པ་རྣམ་པ་བཅུ།

ཕྱི་མའི་མཐར་མི་འབྱུང་བར་ཤེས་པ། དབུས་ལ་མི་གནས་པར་ཤེས་པའོ༎ གཞན་ཡང་། གང་ལ་འདས་པའི་ཆོས་འགགས་པ་མ་ཡིན་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་འགགས་པ་མ་ཡིན་པར་ཤེས་པ་འདི་ནི་འགོག་པ་ཤེས་པ་ཞེས་བྱའོ༎ 4.ལམ་ཤེས་པ་ནི། གང་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་ལ་ཚོལ་བའི་ཤེས་པ་དང་། ཐོབ་པར་བྱེད་པའི་ཤེས་པ་འདི་ནི་ལམ་ཤེས་པ་ཞེས་བྱའོ

20220413

རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཤེས་པས་བསྡུས་པ་ལྔ།

རྣམ་པར་ཐར་པའི་སྒོ་མཚན་མ་མེད་པའི་ཤེས་པས་བསྡུས་པ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། 1.ཆོས་ཤེས་པ། 2.རྗེས་སུ་རྟོགས་པ་ཤེས་པ། 3.འགོག་པ་ཤེས་པ། 4.ཟད་པ་ཤེས་པ། 5.མི་སྐྱེ་བ་ཤེས་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཞི་པ》ཤ253བ4ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220221

རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་ཤེས་པས་བསྡུས་པ་བརྒྱད།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། 1.ཆོས་ཤེས་པ། 2.རྗེས་སུ་རྟོགས་པ་ཤེས་པ། 3.སྡུག་བསྔལ་ཤེས་པ། 4.ཀུན་འབྱུང་བ་ཤེས་པ། 5.འགོག་པ་ཤེས་པ། 6.ལམ་ཤེས་པ། 7.ཟད་པ་ཤེས་པ། 8.མི་སྐྱེ་བ་ཤེས་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཞི་པ》ཤ253བ2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210621

ཤེས་པ་བཞི།

ཉེས་པ་ཤེས་པ། 3.ཉེས་པ་མེད་པ་ཤེས་པ། 4.ལངས་པ་ཤེས་པའོ༎ འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་ཁག་གཅིག་སྟེ། 1.སྡུག་བསྔལ་ཤེས་པ། 2.ཀུན་འབྱུང་བ་ཤེས་པ། 3.འགོག་པ་ཤེས་པ། 4.ལམ་ཤེས་པའོ༎རྒྱ་ཡིག་གི་མིང་། 四智 འབྱུང་ཁུངས། 《འདུལ་བ་པ་པ》ཤ43ན1《བསྟན་འགྱུར་འདུལ་བ་ཙུ་པ》ཤ260བ6ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20211117

སློབ་པ་དང་མི་སློབ་པའི་ལམ་དུ་ཤེས་པ་བཅུ།

མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ། 1.ཆོས་ཤེས་པ། 2.ཀུན་རྫོབ་ཤེས་པ། 3.ཕ་རོལ་གྱི་སེམས་ཤེས་པ། 4.སྡུག་བསྔལ་ཤེས་པ། 5.ཀུན་འབྱུང་ཤེས་པ། 6.འགོག་པ་ཤེས་པ། 7.ལམ་ཤེས་པ། 8.ཟད་པ་ཤེས་པ། 9.མི་སྐྱེ་བ་ཤེས་པ། 10.སྐྱེ་བ་ཤེས་པའོ༎འབྱུང་ཁུངས། 《མི་ཕམ་བཀའ་འབུམ་ཅ་པ》ཤ77ན1ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220417

བདེན་པ་ལ་མཁས་པའི་འཇུག་པ་བཞི།

བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བ་སྟེ། 1.སྡུག་བསྔལ་ཤེས་པ་ཞེས་བྱ་བ་ནི། གང་ཕུང་པོ་རྣམས་མི་སྐྱེ་བར་ཤེས་པའོ༎ 2.ཀུན་འབྱུང་བ་ཤེས་པ་ནི། གང་སྲེད་པ་ལེགས་པར་འཇོམས་པ་ཤེས་པའོ༎ 3.འགོག་པ་ཤེས་པ་ནི། མ་རིག་པ་དང་། བག་ལ་ཉལ་བ་རྣམས་མི་འབྱུང་བའོ༎ 4.ལམ་ཤེས་པ་ནི། མཉམ་པ་ཉིད་དུ་གྱུར་པའི་ཆོས་ཐམས་ཅད་ལ་སྒྲོ་མི་འདོགས་པའོ༎འབྱུང་ཁུངས། 《མདོ་ཕ་པ》ཤ190ན4

20210811

ཉན་ཐོས་ཀྱི་ཤེས་པ་འཐོབ་པ་རྣམ་པ་དགུ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ། 1.ཆོས་ཤེས་པ། 2.རྗེས་སུ་རྟོགས་པ་ཤེས་པ། 3.སྡུག་བསྔལ་ཤེས་པ། 4.ཀུན་འབྱུང་བ་ཤེས་པ། 5.འགོག་པ་ཤེས་པ། 6.ལམ་ཤེས་པ། 7.དེ་དག་གི་རྗེས་ལས་ཐོབ་པ་ཀུན་རྫོབ་ཤེས་པ། 8.ཟད་པ་ཤེས་པ། 9.མི་སྐྱེ་བ་ཤེས་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཞི་པ》ཤ188

20210823