བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞི།སྔ་མའི་པར་གཞི་དེ རྡོ་རྗེ་འཚོ།08  ནས 2021-08-18 15:09ལ་འགྲུབ།

བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞི།

ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་བཤད་པ་ལས་བྱུང་བའི་བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་མདོ་སྡེ་ཇི་པ》ཤ221བ2ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ། 

ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་ག་བཤད་པ་ལས་བྱུང་བ་སྟེ།

1.བདུད་བཞི་ནི་ཐེག་པ་ཆེན་པོ་ལ་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ཀྱི་སེམས་འདོར་བ།

2.སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བའི་བར་དུ་གཅོད་པ་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས།

3.མ་ནོར་བར་སྦྱོར་བའི་བར་དུ་གཅོད་པ་ལྟ་བར་གྱུར་པ་ཐམས་ཅད་ལ་མི་རྟོག་པ།

4.ཡོངས་སུ་རྟོག་པར་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ང་རྒྱལ་ཅན་ནོ༎