ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 13 ཡོད།

རྣལ་འབྱོར་པའི་ཚུལ་ཁྲིམས་དང་།ཐོས་པ་ལ་སྔོན་དུ་འགྲོ་བས་ཞི་གནས་དང་།ལྷག་མཐོང་དང་མི་མཐུན་པ་ལྔ།

དང་མི་མཐུན་པ་ལྔ་ལ་གོ་བ་ཡིན།རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། 1.འདོད་པ་རྣམས་ལ་ཆགས་པ། 2.སྐུལ་བ། 3.དྲན་པ་བྱེད་པ། 4.འདོམས་པ། 5.རྗེས་སུ་སྟོན་པ་རྣམས་ལ་ཀུན་ནས་མནར་སེམས་དང་། ཁོང་ཁྲོ་བའི་སེམས་སུ་བྱེད་པའོ༎འབྱུང་ཁུངས། 《བསྟན་འགྱུར་སེམས་ཙམ་ཚི་པ》ཤ177བ3ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20220222

བདུད་ཀྱི་ལམ་ལས་ཡང་དག་པར་འདའ་བའི་ཆོས་བཞི།

ཡང་དག་པར་འདའ་བའི་ཆོས་བཞི་ལ་གོ་བ་ཡིན།དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.བྱང་ཆུབ་ཀྱི་སེམས་མི་གཏོང་བ། 2.སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ། 3.ལྟ་བར་གྱུར་པ་ཐམས་ཅད་རྟོག་པ། 4.སེམས་ཅན་ཐམས་ཅད་ལ་མི་བརྙས་པའོ༎འབྱུང་ཁུངས། 《དཀོན་བརྩེགས་ཆ་པ》ཤ220ན2ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210810

ངན་འགྲོ་དང་།ངན་སོང་ཐམས་ཅད་ཆད་པར་འགྱུར་བའི་ཆོས་བཞི།

ཞུས་པའི་མདོ་ལས་བྱུང་བའི་ངན་འགྲོ་དང་། ངན་སོང་ཐམས་ཅད་ཆད་པར་འགྱུར་བའི་ཆོས་བཞི་ལ་གོ་བ་ཡིན།འཕགས་པ་ཀླུའི་རྒྱལ་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ། 2.དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ནས་ཐམས་ཅད་སྲུང་བ། 3.གཞན་གྱི་ཉེས་པ་མི་གླེང་ཞིང་བརྙས་པར་མི་བྱེད་པ། 4.བདག་གི་འཁྲུལ་པ་རྟོག་པར་བྱེད་ཀྱི

20210616

བདུད་ལས་ཤིན་ཏུ་འདའ་བའི་ཆོས་བཞི།

བདུད་བཞི་ནི་ཐེག་པ་ཆེན་པོ་ལ་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ཀྱི་སེམས་འདོར་བ། 2.སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྦྱོར་བའི་བར་དུ་གཅོད་པ་སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས། 3.མ་ནོར་བར་སྦྱོར་བའི་བར་དུ་གཅོད་པ་ལྟ་བར་གྱུར་པ་ཐམས་ཅད་ལ་མི་རྟོག་པ། 4.ཡོངས་སུ་རྟོག་པར་སྦྱོར་བའི་བར་དུ་གཅོད་པ་བྱང་ཆུབ་ང་རྒྱལ་ཅན་ནོ༎འབྱུང་ཁུངས

20210816

ངོ་མཚར་རྨད་དུ་བྱུང་བའི་དངོས་པོ་རྣམ་པ་བཞི།

དངོས་པོ་རྣམ་པ་བཞི་ལ་གོ་བ་ཡིན།དཀོན་བརྩེགས་གང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 1.བྱང་ཆུབ་སེམས་དཔའ་ནི། སེམས་ཅན་ལེ་ལོ་ཅན་རྣམས་ལ་བརྩོན་འགྲུས་རྩོམ་པར་བྱེད་པ། 2.ཁོང་ཁྲོ་བའི་སེམས་ཅན་ནན་པོ་ཆེ་དག་གི་ནང་ན་བཟོད་པ་སྒོམ་པར་བྱེད་པ། 3.སེམས་ཅན་ལམ་ལོག་པ་ལ་སྤྱོད་པ་དག་མཐོང་ནས་བདག་ཉིད་ཡང་དག་ལམ་ལ་བརྩོན་པར་བྱེད་པ། 4.སེམས་ཅན་འཁོར་བ་ལས་ཡོངས་སུ

20210617

འཕགས་པའི་རིགས་དང་།སྦྱངས་པའི་ཡོན་ཏན་དང་།ཡོ་བྱད་བསྙུངས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཕན་ཡོན་རབ་མཆོག་གསུམ།

3.སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་སེམས་པའི་ཕྱིར་དེའི་ཏིང་ངེ་འཛིན་མྱུར་དུ་སྐྱེ་བར་འགྱུར་བའོ༎ 1.ཚུལ་འཆོས་པ་དང་། ཁ་གསག་མི་འབྱུང་བ། 2.རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བའི་སེམས་མི་སྐྱེ་བ། 3.སྒྲུབ་ཅིང་འདུག་པ་ན་ཁྱིམ་ལ་རྗེས་སུ་ལྟ་བར་མི་འགྱུར་བའོ༎འབྱུང་ཁུངས། 《མདོ་ན་པ》ཤ191བ5ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210414

བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པའི་ཆོས་བཅུ།

སེམས་སྙོམས་པའི་ཆོས་བཅུ་ལ་གོ་བ་ཡིན།འཕགས་པ་དཀོན་མཆོག་སྤྲིན་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། 1.སེམས་ཅན་ཐམས་ཅད་ལ་སྙོམས་པར་སྤྱོད་པ་རྣམས་ཡིན། 2.སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བའི་སེམས་མེད་པ་རྣམས་ཡིན། 3.སེམས་ཅན་ཐམས་ཅད་ལ་གནོད་སེམས་མེད་པ་རྣམས་ཡིན། 4.སེམས་ཅན་ཐམས་ཅད་ཀྱི་དོན་ཁོ་ནར་སྦྱིན་པ་དག་སྦྱིན། 5.ཚུལ་ཁྲིམས་སྲུང་། 6.བཟོད་པ་སྒོམ

20220222

བྱང་ཆུབ་སེམས་དཔའ་ཟས་ཕྱིས་མི་ལེན་པའི་ཆོས་བཅུ།

ཡོ་བྱད་འདི་ལྟ་སྟེ། མར་རམ། འབྲུ་མར་རམ། སྦྲང་རྩིའམ། བུ་རམ་མམ། རྩ་བའི་ཁུ་བའམ། སྡོང་པོའི་ཁུ་བའམ། 5.འབྲས་བུའི་ཁུ་བ་དེ་ལྟ་བུ་དག་བཟར་མི་རུང་ངོ་༎ 6.གཞན་ཟ་བ་མཐོང་ནའང་ཁོང་ཁྲོ་བའི་སེམས་དང་། 7.འཇུངས་པའི་སེམས་ཀྱང་མི་སྐྱེད་དོ༎ 8.ཡང་གལ་ཏེ་ཟས་ཕྱིས་མི་ལེན་པའི་བྱང་ཆུབ་སེམས་དཔའ་དེ་ཇི་ལྟ་བུའི་ནད་ཀྱིས་སྲོག་གི་བར་ཆད་དུ་འགྱུར་བའམ

20220222

འདུལ་བའི་དངོས་པོ་བཅུ།

1.གཏོང་བའི་ཆར་རབ་ཏུ་འབེབས་པའི་སེར་སྣའི་སེམས་འདུལ་བ་ཉིད། 2.ལས་རྣམ་གསུམ་ཡོངས་སུ་སྦྱོང་བས་འཆལ་པའི་ཚུལ་ཁྲིམས་ཀྱི་སེམས་འདུལ་བ་ཉིད། 3.བྱམས་པ་སྒོམ་པས་ཁོང་ཁྲོ་བའི་སེམས་འདུལ་བ་ཉིད། 4.སངས་རྒྱས་ཀྱི་ཆོས་ཡོངས་སུ་བཙལ་བ་ལ་མི་སྐྱོ་བས་ལེ་ལོའི་སེམས་འདུལ་བ་ཉིད། 5.བསམ་གཏན་དང་རྣམ་པར་ཐར་པར་རྣམ་པར་འཕྲུལ་པས་མི་དགེ་བའི་སེམས་འདུལ་བ་ཉིད

20220110

དཀའ་བའི་སྙན་པར་སྨྲ་བ་རྣམ་པ་གསུམ།

བྱང་ཆུབ་སེམས་དཔའ་སེམས་ཅན་གཡོན་ཅན་དང་སྒྱུ་མ་མཁན་པོ་དང་། སློབ་དཔོན་དང་། བླ་མ་དང་། ཡོན་གནས་སླུ་བར་བྱེད་པ། ལོག་པར་ཞུགས་པ་རྣམས་ལ་ཀུན་ནས་མནར་སེམས་ཀྱི་སེམས་མེད་པ་དང་། ཁོང་ཁྲོ་བའི་སེམས་མེད་པར་ཡང་དག་པར་དགའ་བར་བྱེད་པ་དང་། ཀུན་ཏུ་དགའ་བར་བྱེད་པ་དང་། ཕན་པར་བྱ་བའི་ཚིག་བརྗོད་པ་གང་ཡིན་པ་འདི་ནི་བྱང་ཆུབ་སེམས་དཔའི་དཀའ་བའི་སྙན་པར་སྨྲ་བ་གསུམ་པའོ

20210119