ཨའོ་ཐུའོ•ཧའེ་དབྱིན་ལི་ཞི•ཝ་ཨེར་པའོ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-31 08:26ལ་འགྲུབ།

ཨའོ་ཐུའོ•ཧའེ་དབྱིན་ལི་ཞི•ཝ་ཨེར་པའོ།

ཨའོ་ཐུའོ•ཧའེ་དབྱིན་ལི་ཞི•ཝ་ཨེར་པའོ།
ཨའོ་ཐུའོ·ཧའེ་དབྱིན་ལི་ཞི·ཝ་ཨེར་པའོ་ནི(འཇར་མན་གྱི་སྐད། Otto Heinrich Warburg)འཇར་མན་གྱི་ལུས་ཁམས་རིག་པ་བ་དང་སྨན་པ་ཞིག་ཡིན་ཞིང་། སྤྱི་ལོ1931ལོར་འབྱིན་རྔུབ་རྩབས་ཀྱི་ངོ་བོ་དང་ནུས་པ་འདོན་སྟངས་གསར་རྙེད་བྱུང་པར་བརྟེན་ནས་ནུའོ་པེ་ཨེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
奥托·海因里希·瓦尔堡
ཕྱི་ཡིག་གི་མིང་།
Otto Heinrich Warburg
མཚན་ཧྲིལ་པོ།
ཨའོ་ཐུའོ·ཧའེ་དབྱིན་ལི་ཞི·ཝ་ཨེར་པའོ།
རྒྱལ་ཁབ།
འཇར་མན།
འཁྲུངས་ཡུལ།
འཇར་མན་གྱི་ཧྥོ་ལའེ་པའོ།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1883.10.8-1970.8.1)
གྲུབ་འབྲས་གཙོ་བོ།
ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ།
བསླབ་གནས།
འབུམ་རམས་པ།
མཐར་ཕྱིན་སློབ་གྲྭ།
ཧའེ་ཏུ་པའོ་སློབ་ཆེན།
1 ​ལོ་རྒྱུས་མདོར་བསྡུས།

ཨའོ་ཐུའོ·ཧའེ་དབྱིན་ལི་ཞི·ཝ་ཨེར་པའོ་ནི་སྤྱི་ལོ1883ལོའི་ཟླ10པའི་ཚེས8ཉིན་འཇར་མན་གྱི་ཧྥོ་ལའེ་པའོ་རུ་སྐྱེས་པ་དང་སྤྱི་ལོ1970ལོའི་ཟླ8པའི་ཚེས1ཉིན་པོ་ལིན་ནུབ་མ་རུ་ཚེ་ལས་འདས། ཁོང་ནི་པོ་ལིན་སློབ་ཆེན་གྱིE.H.ཧྥེ་ཧྲུ་ཨེར་གྱི་སློབ་མ་ཡིན་ཞིང་སྤྱི་ལོ1906ལོར་རྫས་འགྱུར་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་། སྤྱི་ལོ1911ལོར་ཧའེ་ཏུ་པའོ་སློབ་ཆེན་དུ་གསོ་རིག་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1913ལོ་ནས་བཟུང་པོ་ལིན་གྱི་ཝེ་ལེན་གོང་མའི་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ཞིང་སྤྱི་ལོ1918ལོར་ཞིབ་འཇུག་པའི་འགན་ཁུར། སྤྱི་ལོ1931ལོ་ནས་བཟུང་གསར་དུ་བཙུགས་པའི་ཝེ་ལེན་གོང་མའི་ཕྲ་ཕུང་སྐྱེ་ཁམས་ཞིབ་འཇུག་ཁང་གི་འགོ་འཛིན་གྱི་འགན་བཞེས། སྤྱི་ལོ1953ལོར་ཞིབ་འཇུག་ཁང་དེའི་མིང་མར་ཁེ་སི·ཕུའུ་ལང་ཁུ་ཕྲ་ཕུང་སྐྱེ་ཁམས་ཞིབ་འཇུག་ཁང་ཞེས་པར་བསྒྱུར་བ་དང་། ཁོང་གིས་མུ་མཐུད་དུ་ཞིབ་འཇུག་ཁང་གི་འགོ་གཙོའི་འགན་བཞེས།  

2 གྲུབ་འབྲས་གཙོ་བོ།

ལོ་རབས20པར་ཁོང་གིས་དབང་པོ་སྲབ་ལེབ་ཀྱི་དབྱང་ཟད་ཚད་ཀྱི་གནོན་བཤེར་ཆས་སྟེ་ཝ་ཨེར་པའོ་གནོན་བཤེར་ཆས་ཞིབ་འཇུག་གསར་གཏོད་བྱས་པ་རེད། ཁོང་གིས་དུས་ཡུན་རིང་པོར་འོད་སྦྱོར་ནུས་པར་ཞིབ་འཇུག་གནང་ནས་འོད་སྦྱོར་ནུས་པའི་ཉིང་རྡུལ་གྱི་ལས་ཆོད་དང་རྐྱེན་རྩའི་ཐད་ཐབས་ལམ་ཐུན་མོང་མ་ཡིན་པ་ཞིག་བཏོད་ཡོད་པ་དང་། ལོ་མང་རིང་འབྲས་སྐྲན་ཕྲ་ཕུང་ལ་ཞིབ་འཇུག་བྱས་ནས་ཕྲ་ཕུང་ངན་པའི་དབྱང་ཟད་ཚད་རྒྱུན་ལྡན་གྱི་ཕྲ་ཕུང་ལས་དམའ་བ་ཤེས།

ཁོང་གིས་ཕྲ་ཕུང་གི་འབྱིན་རྔུབ་ལ་ཞིབ་འཇུག་བྱེད་སྐབས། ཁོས་འབྱིན་རྔུབ་རྩབས་ནི་ལྕགས་འདུས་པའི་སྤྲི་དཀར་རིགས་ཤིག་ཡིན་པ་བདེན་དཔང་བྱས་ཏེ། དེར་ལྕགས་དབྱང་རྩབས་ཞེས་མིང་བཏགས། སྤྱི་ལོ1932ལོར་ཁོང་དང་ཁོང་གི་ལས་རོགས་ཚོས་མཉམ་དུ་རྩབས་སེར་གསར་རྙེད་བྱུང་པ་མ་ཟད། དེའི་གཞོགས་རྟེན་ནི་ཉིང་སེར་རྒྱུ་ཡི་འཕེལ་འགྱུར་དངོས་པོ་ཡིན་པ་ར་སྤྲོད་བྱས།

སྤྱི་ལོ1935ལོ་ནས་སྤྱི་ལོ1936ལོའི་བར་ཁོང་གིས་ཡང་ལས་གྲོགས་རྣམས་དང་མཉམ་དུ་པི་ཏེན་ཉིང་ཀན་སྐྱུར་ཁ་གྱེས་ནས་དེའི་གྲུབ་ཚུལ་དང་ནུས་པ་གཏན་འཁེལ་བྱས། སྤྱི་ལོ1937ལོ་ནས་སྤྱི་ལོ1938ལོའི་བར་ཁོང་གིས་ལིན་སྐྱུར་ཐཱན་གསུམ་ཧྭགས་དབྱང་འགྱུར་དང་རྨེན་ཀན་ལིན་གསུམ་སྐྱུར(ATP)ཕན་ཚུན་ལྟོས་བཅོས་ཀྱིས་འབྲེལ་བའི་རྐྱེན་རྩ་གསལ་བཤད་བྱས་ཏེ། ནུས་ཚད་བརྗེ་ཚབ་ཞིབ་འཇུག་བྱེད་པའི་ཕྱོགས་ནས་ཤོག་ངོས་གསར་བ་ཞིག་ཕྱེས་བ་རེད།

སྤྱི་ལོ1931ལོར་ཝ་ཨེར་པའོ་ཡིས་ཁོང་གི་འབྱིན་རྔུབ་རྩབས་ཀྱི་ངོ་བོ་དང་ནུས་པ་འདོན་སྟངས་གསར་རྙེད་བྱུང་པའི་ཕུལ་བྱུང་བྱས་རྗེས་ལ་བརྟེན་ནས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་བླངས། སྤྱི་ལོ1934ལོར་ཁོ་རང་དབྱིན་ཇིའི་གོང་མ་ཚང་གི་རིག་གཞུང་ཚོགས་པའི་ཚོགས་མིར་བདམས། ཁོང་གིས་མི་ཚེ་གང་བོར་དཔྱད་རྩོམ་བརྒྱ་ཕྲག་ལྷག་དང་ཆེད་རྩོམ་ལྔ་སྤེལ་བ་མ་ཟད་ན་གཞོན་ཚན་རིག་པ་མང་པོ་གསོ་སྐྱོང་བྱས། 


3 གཞུང་ལུགས་གཙོ་བོ།

ཝ་ཨེར་པའོ་ནུས་སྣང(Warburg efect)ཞེས་པ་ནི་ཨའོ་ཐུའོ·ཧའེ་དབྱིན་ལི་ཞི·ཝ་ཨེར་པའོ(Otto Heinrich Warburg)ཡིས་བཏོན་པའི་གཞུང་ལུགས་ལ་ཟེར། གཞུང་ལུགས་དེས་འབྲས་སྐྲན་ཕྲ་ཕུང་གི་སྐྱེས་འཚར་མྱུར་ཚད་དེ་རྒྱུན་ལྡན་གྱི་ཕྲ་ཕུང་ལས་མགྱོགས་བའི་རྒྱུ་རྐྱེན་ནི་ནུས་ཚད་ཀྱི་འབྱུང་ཁུངས་ཀྱི་ཁྱད་པར་ལས་བྱུང་བར་འདོད་པ་དང་། འབྲས་སྐྲན་ཕྲ་ཕུང་གིས་ཧྭགས་འབྱེད་ནུས་པས་སྤྱིར་བཏང་གི་རྒྱུན་ལྡན་ཕྲ་ཕུང་གི་དབྱང་ལྡན་འཁོར་རྒྱུག་གི་ཚབ་བྱེད་པར་ཕྱོགས་ཡོད། དེའི་ཕྱིར་འབྲས་སྐྲན་ཕྲ་ཕུང་གིས་རིལ་གཟུགས་སྤྱོད་པའི་རྣམ་པ་དེ་ཉིད་རྒྱུན་ལྡན་ཕྲ་ཕུང་དང་མི་འདྲ། འབྲས་སྐྲན་ཕྲ་ཕུང་གིས་གཙོ་བོ་ཧྭགས་འབྱེད་ནུས་པ་སྤྱད་དེ་དབྱང་ལྡན་འཁོར་རྒྱུག་གི་ཚབ་བྱེད་པའི་སྣང་ཚུལ་ལ་ཝ་ཨེར་པའོ་ནུས་སྣང་ཟེར་ཞིང་། རིལ་སྐུད་གཟུགས་དང་དབྱང་ལྡན་འཁོར་སྐྱོད་སྙོམས་སྒྲིག་དང་ཧྭགས་འབྱེད་བྱེད་ནུས་བར་གྱི་བརྒྱུད་རིམ་ནི་འབྲས་སྐྲན་ཞིབ་འཇུག་གི་གནད་དོན་གལ་ཆེན་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།