ཚུལ་གསུམ་པའི་རྟགས།སྔ་མའི་པར་གཞི་དེ རྡོར་འཚོ།890  ནས 2021-04-25 08:38ལ་འགྲུབ།

ཚུལ་གསུམ་པའི་རྟགས།

《དཔལ་བརྩེགས་ཆོས་ཀྱི་རྣམ་བྱང་ཀྱི་བརྗེད་བྱང》ལས་བྱུང་བའི་ཚུལ་གསུམ་པའི་རྟགས་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《དཔལ་བརྩེགས་ཆོས་ཀྱི་རྣམ་བྱང་ཀྱི་བརྗེད་བྱང》ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ། 

1.མེ་དང་ཆུ་མི་སྣང་ཡང་དུ་བ་དང་ཆུ་བྱ་སྣང་བ་ཙམ་ལས་མེ་དང་ཆུ་ཡོད་པར་བརྟགས་པ་ནི་རྗེས་སུ་དཔག་པ་ལ་ཡོད་པའོ༎

2.ཚང་བང་ཆེན་པོ་ན་མེ་ཡོད་པར་བརྟགས་པ་ནི་མཐུན་པའི་ཕྱོགས་ལ་ཡོད་པ་སྟེ། ཚང་བང་དུ་མེ་ཡོད་པར་མཐུན་པའི་ཕྱིར་རོ༎

3.ཆུའི་ནང་ན་མེ་མེད་པར་བརྟགས་པ་ནི་མི་མཐུན་པའི་ཕྱོགས་ལ་མེད་པ་སྟེ། གཅིག་ལ་གཅིག་དགྲ་ལྟར་མི་མཐུན་པའི་ཕྱིར་རོ༎