ཡོངས་འཛིན་གྱིས་འཚོལ་བཤེར་བྱས་པའི་འབྲེལ་ཡོད་བཙལ་འབྲས་ཕལ་ཆེར 136 ཡོད།

མཐུན་མི་མཐུན་ཕྱོགས་གཉིས་ཀར་ཁྱབ་བྱེད་དུ་འཇུག་པ།

ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་པར་ཡོད་པ། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། དཔེ་ནམ་མཁའ་དང་བུམ་པ་བཞིན། ཞེས་པ་ལྟ་བུ། གཞལ་བྱ་དེ་གསལ་བ་དེའི་མཐུན་ཕྱོགས་རྟག་པའི་ཕྱོགས་དང༌། མི་མཐུན་ཕྱོགས་མི་རྟག་པ་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ

20240408

མཐུན་ཕྱོགས་ལ་གཏན་མེད་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ།

ཕྱོགས་ཆོས་གཏན་ཚིགས་དགུ་ལས་འགལ་རྟགས་གཉིས་ཀྱི་ཡ་གྱལ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་མེད་ཅིང་མི་མཐུན་ཕྱོགས་ལ་ཁྱབ་པ། དཔེར་ན། སྒྲ་ཆོས་ཅན། རྟག་སྟེ། བྱས་པའི་ཕྱིར། དཔེ་ནམ་མཁའ་དང་བུམ་པ་བཞིན། ཞེས་པ་ལྟ་བུ། བྱས་པ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་གཏན་མེད་དང༌། མི་མཐུན་ཕྱོགས་མི་རྟག་པ་ལ་ཁྱབ་པའོ། །རྒྱ་ཡིག 同品定无异品遍有因

20240408

མཐུན་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་མེད་དུ་འཇུག་པ།

ཕྱོགས་ཆོས་གཏན་ཚིགས་དགུ་ལས་ཐུན་མོང་མིན་པའི་མ་ངེས་པའི་རྟགས་ཏེ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་ནས་མེད་པ་སྟེ། དཔེར་ན་སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། དཔེ་བུམ་པ་དང་ནམ་མཁའ་བཞིན། ཤེས་པ་ལྟ་བུ། མཉན་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ནམ་མཁའ་ལ་གཏན་ནས་མེད་ཅིང༌། མེ་མཐུན་ཕྱོགས་བུམ་པ་ལའང་གཏན་ནས་མེད་པའོ

20240408

མཐུན་ཕྱོགས་ལ་ཁྱབ་བྱེད་མི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པ།

ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་ཁྱབ་ཅིང་མི་མཐུན་ཕྱོགས་ལ་ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ། དཔེར་ན། སྒྲ་ཆོས་ཅན། རྩོལ་བྱུང་ཡིན་ཏེ། མི་རྟག་པའི་ཕྱིར། དཔེ་རྔ་སྒྲ་དང༌། གློག་དང་ནམ་མཁའ་བཞིན། ཞེས་པ་ལྟ་བུ། མི་རྟག་པ་དེ་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག

20240408

མཐུན་མི་མཐུན་ཕྱོགས་གཉིས་ཀར་རྣམ་པ་གཉིས་གཉིས་སུ་འཇུག་པ།

ཕྱོགས་ཆོས་གཏན་ཚིགས་དགུ་ལས་དངོས་ཀྱི་མ་ངེས་པའི་རྟགས་བཞིའི་ཡ་གྱལ། རྟགས་དེ་གསལ་བ་དེའི་མཐུན་ཕྱོགས་ལ་ཁྱབ་མ་ཁྱབ་གཉིས་ཀ་དང༌། མི་མཐུན་ཕྱོགས་ལའང་ཁྱབ་མ་ཁྱབ་གཉིས་ཀའི་ཆ་ཡོད་པ། དཔེར་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཡིན་ཏེ། དབང་ཤེས་ཡིན་པའི་ཕྱིར། ཞེས་པ་ལྟ་བུ། དབང་ཤེས་དེ་ཕྱོགས་གཉིས་ལ་རྣམ་པ་གཉིས་གཉིས་སུ་འཇུག་པ་སྟེ

20240408

མི་མཐུན་ཕྱོགས་ལས་རྣམ་རྒྱལ།

མི་མཐུན་ཕྱོགས་ལས་རྣམ་རྒྱལ་ནི་མི་མཐུན་ཕྱོགས་ལས་རྒྱལ་བའི་རྟགས་མཚན་མཚོན་བྱེད་དུ་སྲོག་ཆགས་གསུམ་གྱི་མཚན་མ་ཡོད་པ་ལ་རྒྱལ་མཚན་ཞེས་ཟེར། སྲོག་ཆགས་དེ་དག་ནི་དུང་དང་ཆུ་སྲིན་འདུས་པ་ལས་ལུས་པོ་དུང་ལ་མགོ་བོ་ཆུ་སྲིན་ཡིན་པ་དང་། ཉ་དང་སྲམ་འདུས་པ་ལས་ལུས་པོ་སྲམ་ལ་མགོ་བོ་ཉ་ཡིན་པ། ཁྱུང་དང་སེང་གེ་འདུས་པ་ལས་ལུས་པོ་སེང་གེ་ལ་གཤོག་པ་ཡོད་པ་དང་མགོ་བོ

20180928

ཐུན་མོང་མིན་པའི་མ་ངེས་པ།

མ་ངེས་པའི་རྟགས་གཉིས་ཀྱི་ཡ་གྱལ། གང་ལ་རྟགས་སུ་སོང་བའི་རྒོལ་བས་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་རྟགས་ཡོད་པར་མ་མཐོང་བ་སྟེ། སྒྲ་མི་རྟག་པ་ལ་མཉན་བྱ་བཀོད་པ་ལྟ་བུ། མཐུན་ཕྱོགས་བུམ་པ་དང༌། མི་མཐུན་ཕྱོགས་ནམ་མཁའ་ལ་མཉན་བྱ་ཡོད་པར་མ་མཐོང་བས་མ་ངེས་པའོ། །རྒྱ་ཡིག 共不定 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། མ་ངེས་པའི་རྟགས་གཉིས་ཀྱི་ཡ་གྱལ

20240223

གཉེན་པོ་ཕྱོགས་ཀྱི་ཤེས་རྣམ།

རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་མཁྱེན་པའོ། ། ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས།རྒྱ་ཡིག 对治品智相 1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རང་གི་མི་མཐུན་ཕྱོགས་འཇོམས་ནུས་ཀྱི་མཁྱེན་པའོ། ། ཤེར་ཕྱིན་དོན་བདུན་ཅུའི་ནང་གསེས། 对治品智相。智度七十义之一。功能除治自不顺境之智。 2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས

20230606

རྟགས་ཡང་དག་གཉིས།

གཉིས། 2.རྟགས་སྒྲུབ་ཚུལ་གྱི་སྒོ་ནས་དབྱེ་ན། དོན་སྒྲུབ་ཀྱི་རྟགས་དང༌། ཐ་སྙད་སྒྲུབ་ཀྱི་རྟགས་ཏེ་གཉིས། 3.ཕྱོགས་ཆོས་གཏན་ཚིགས་དགུའི་གྲས་ཀྱི་རྟགས་ཡང་དག་གཉིས་ཏེ། མི་མཐུན་ཕྱོགས་ལ་གཏན་མེད་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་དང༌། མི་མཐུན་ཕྱོགས་ལ་གཏན་མེད་མཐུན་ཕྱོཌ་ལ་རྣམ་གཉིས་སུ་འཇུག་པའོ། །རྒྱ་ཡིག 1.二真因 2.二种真因 1.བོད་རྒྱ་ཚིག་མཛོད་ཆེན་མོ

20231007

ཤེས་པའི་མི་མཐུན་ཕྱོགས་གསུམ།

འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བའི་ཤེས་པའི་མི་མཐུན་ཕྱོགས་གསུམ་ལ་གོ་བ་ཡིན།འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། 1.མི་ཤེས་པ། 2.ཐེ་ཚོམ་གྱི་ཤེས་པ། 3.ལོག་པའི་ཤེས་པའོ༎འབྱུང་ཁུངས། 《བསྟན་འགྱུར་དབུ་མ་ཧ་པ》ཤ118བ7ལས་བཏུས། རིགས་དབྱེ། ནང་དོན་རིག་པ

20210517