ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-08-06 11:09ལ་འགྲུབ།

ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།

ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་ནི་སྔར་ནང་སོག་འཁེལ་འཐག་བཟོ་ལས་སློབ་གྲྭའི་རྨང་གཞིའི་སྟེང་། སྤྱི་ལོ2011ལོའི་ཟླ་དང་པོའི་ཚེས18ཉིན་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་བཙུགས་པ་ཡིན། འདི་ནི་རང་སྐྱོང་ལྗོངས་དང་ཁྲི་ཧྥུན་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གིས“ལོ་ལྔའི་འཆར་འགོད་བཅུ་གཉིས་པ”འགོ་ཚུགས་པའི་ལོ་ཡིན། བཟོ་ལས་ཅན་དུ་འགྱུར་བའི་འཕེལ་རིམ་མགྱོགས་སུ་བཏང་ནས་དཔལ་འབྱོར་འཕར་སྣོན་བྱེད་སྟངས་བསྒྱུར་བ་དང་། ས་གནས་ཀྱི་ཐོན་ལས་སྒྲིག་གཞིའི་དགོས་མཁོར་གཞིགས་ཏེ་དཔལ་འབྱོར་འཛུགས་སྐྲུན་ལ་མཐོ་རིམ་ལས་གྲྭའི་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་བཟོ་རིག་ཚན་ཁག་དང་མཐོ་རིམ་ལས་རིགས་སློབ་གླིང་ཞིག་བཏོད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
赤峰工业职业技术学院
དབྱིན་ཡིག་གི་མིང་།
Chifeng Industrial Vocational Technical College
བསྡུས་མིང་།
ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1958ལོར།
རིགས་དབྱེ།
གཞུང་གཉེར།
སློབ་གྲྭའི་རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
མཐོ་རིམ་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་ཁྲི་ཧྥེང་།
སློབ་གཙོ།
ཧོའོ་ལུང་།
གཙོ་གཉེར་ཚན་ཁག
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
འཁེལ་འཐག་བཟོ་སྐྲུན་སྡེ་ཁག་དང་། འཕྲུལ་གློག་བཟོ་སྐྲུན་སྡེ་ཁག གློག་རྡུལ་ཆ་འཕྲིན་སྡེ་ཁག བཟོ་ལས་རང་འགུལ་ཅན་སྡེ་ཁག་སོགས།
སློབ་གྲྭའི་གནས་ཡུལ།
ཁྲི་ཧྥེང་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པའི་པ་ལིན་བྱང་ལམ་ཨང22པ།
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་བཙུགས།     

སྤྱི་ལོ1961ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་གཉེར་མཚམས་བཞག     

སྤྱི་ལོ1973ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་སླར་གསོ་བྱས།     

སྤྱི་ལོ1975ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་སློབ་གླིང་བཙུགས་པ་རེད། ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་སློབ་གླིང(ཕྱུགས་ལས་འཕྲུལ་ཆས་ཚན་ཁག)ལ་བསྐྱར་བཟོ་བྱས།     

སྤྱི་ལོ1977ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་སློབ་གླིང(ཕྱུགས་ལས་འཕྲུལ་ཆས་ཚན་ཁག)ནས་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭར་བསྒྱུར།     

སྤྱི་ལོ1983ལོར་ཀྲའོ་ཝུའུ་ཏ་མེང་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་གྱི་སློབ་གྲྭ་ཁྲི་ཧྥེང་བཟོ་ལས་སློབ་གྲྭར་མིང་བསྒྱུར།     

སྤྱི་ལོ1988ལོར་ཁྲི་ཧྥེང་བཟོ་ལས་སློབ་གྲྭ་ནང་སོག་འཁེལ་འཐག་བཟོ་ལས་སློབ་གྲྭར་མིང་བསྒྱུར།     

སྤྱི་ལོ2004ལོར་ཁྲི་ཧྥེང་གློག་རྡུལ་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་། ཁྲི་ཧྥེང་མི་རིགས་ལག་རྩལ་བཟོ་པའི་སློབ་གྲྭ། ཁྲི་ཧྥེང་ནོར་དཔལ་སློབ་གྲྭ། ཁྲི་ཧྥེང་གསེར་གྱི་ལག་རྩལ་བཟོ་པའི་སློབ་གྲྭ་བཅས་ནང་སོག་འཁེལ་འཐག་བཟོ་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།        

སྤྱི་ལོ2004ལོར་ཁྲི་ཧྥེང་སློབ་གླིང(ཡང་བའི་བཟོ་ལས་དང་འཁེལ་འཐག་ལས་རིགས་ལག་རྩལ་སློབ་གླིང)གསར་འཛུགས་བྱས།     

སྤྱི་ལོ2011ལོར་ནང་སོག་འཁེལ་འཐག་བཟོ་ལས་སློབ་གྲྭ་ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

2 སློབ་སྒྲུབ་ཆ་རྐྱེན།

སློབ་གླིང་ནི་ཁྲི་ཧྥེང་གྲོང་ཁྱེར་གྱི་གྲོང་ཁུལ་གསར་པར་གནས་པ་དང་རྒྱ་ཁྱོན་ལ་མུའུ350ཡོད། ད་ཡོད་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི7.1ཡོད་པ་དང་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར4.4ཡོད། ཆེད་བསྐོས་དགེ་རྒན་ཚང་མར་སློབ་གྲྭ་ཆེན་མོའི་དངོས་གཞིའི་ཚན་ཁག་དང་དེ་ཡན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། (དེའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མ41ཡོད། ) ཆེད་ལས་སློབ་ཚན་གྱི་དགེ་རྒན་མང་ཆེ་བ་ནི་རིགས་པའི་གཞུང་ལུགས་ཤེས་ལ་ལག་ལེན་དངོས་ཀྱང་ཤེས་པའི་གཉིས་འཇོན་རྣམ་པའི་དགེ་རྒན་ཡིན། ད་ཡོད་འཕྲུལ་ཆས་ལས་སྣོན་དང་། གྲངས་འཛིན་ཚོད་འཛིན། གློག་ཤུགས་ལྕགས་བཞུ། འཁེལ་འཐག་གྱོན་ཆས་བཅས་དངོས་སྦྱོང་འཁོར་ཁང4ཡོད། རྫས་འགྱུར་བཟོ་ལས་ཀྱི་ཞིབ་དཔྱད་ཚད་ལེན་ལྟེ་གནས1དང་། ཚོད་ལྟ་དང་དངོས་སྦྱོང་ཁང55ལ་དངོས་སྦྱོང་སྒྲིག་ཆས་ཀྱི་སྤྱིའི་རིན་ཐང་སྒོར་ཁྲི3000ཡོད། སློབ་གླིང་གིས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་སློབ་ཚན་གྱི་སློབ་ཁྲིད་དེ་གཙོ་བོ་ཚོད་ལྟ་དང་། དངོས་སྦྱོང་ཁང་། དངོས་སྦྱོང་འཁོར་ཁང་བཅས་སུ་བྱ་རྒྱུ་ཡིན་པ་རེད།     

ཁྲི་ཧྥེང་བཟོ་ལས་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་གྲྭ5ཡི་སློབ་གཉེར་ལེགས་ཆ་གཅིག་སྡུད་བྱས་ཡོད། བཟོ་ལས་ཚན་ཁག་གཙོ་བོར་བྱེད་པ་དང་། ནོར་སྲིད་དཔལ་འབྱོར་དོ་དམ་ཆེད་ལས་ཀྱིས་ཁ་གསབ་བྱེད་པ། མཐོ་རིམ་ལས་རིགས་ཀྱིས་འབྲིང་རིམ་ལས་རིགས་སྣེ་ཁྲིད་བྱེད་པ་དང་། ཆེད་ལས་སློབ་གྲྭ་ཆེ་འབྲིང་གི་ལས་རིགས་སློབ་གསོ་དང་། དར་མའི་སློབ་གསོ། ཡུན་ཐུང་སྦྱོང་བརྡར་སློབ་གསོ། ལས་རིགས་རྩལ་ནུས་གསལ་འབྱེད་བཅས་མཉམ་དུ་འདྲེས་པར་བྱེད་དགོས། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་ཙམ་དང་སློབ་གཉེར་གྱི་ཁྱད་ཆོས་མངོན་གསལ་དོད་པའི་མཐོ་རིམ་ལས་རིགས་སློབ་གྲྭ་དེ་རང་སྐྱོང་ལྗོངས་དང་དེ་བཞིན་ཁྲི་ཧྥེང་གྲོང་ཁྱེར་གྱི་བཟོ་ལས་ཅན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ལག་རྩལ་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་དང་ལག་རྩལ་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་ཞིག་ཏུ་གྱུར་ཡོད།     

མཐོ་རིམ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི(སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོ་བར)》རྣམ་གྲངས་གཏན་འཁེལ་གྱི་རྐང་འཛིན་ཆེད་ལས་ནི་འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་དང་གྲངས་འཛིན་ཚོད་འཛིན་ལག་རྩལ་ཡིན།

3 ཆེད་ལས་ངོ་སྤྲོད།

འཕྲུལ་ཆས་ཇུས་འགོད་དང་བཟོ་སྐྲུན།     

གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། 

ཉེར་སྤྱོད་རྫས་འགྱུར་བཟོ་ལས་ལག་རྩལ།     

དེང་རབས་འཁེལ་འཐག་ལག་རྩལ།    

ཉེར་སྤྱོད་གློག་རྡུལ་ལག་རྩལ།     

རྩིས་གཉེར་གློག་རྩིས་ཅན།     

མགྲོན་ཁང་དོ་དམ།

4 འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཧོའི་ལུང་།     

ཡོན་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲང་ཅི་གོ།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྒྲིག་བཤེར་ཧྲུའུ་ཅི། ཏུང་ཡན།     

ཡོན་ཀྲང་གཞོན་པ། མ་ཡུང་ཅུན།     

ཡོན་ཀྲང་གཞོན་པ། ལིའུ་གོ་ཧྲེང་།     

ཡོན་ཀྲང་གཞོན་པ། ཝུའུ་ཧྲུའུ་ཧའེ།


དཔྱད་གཞིའི་ཡིག་ཆ།