ཧུའེ་དབྱིན་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-05-12 11:53ལ་འགྲུབ།

ཧུའེ་དབྱིན་ཆུས།

ཧུའེ་དབྱིན་ཆུས།
ཧོའེ་དབྱིན་ཆུས་ནི་ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ཤིང་། ཅང་སུའུ་ཞིང་ཆེན་བྱང་རྒྱུད་བདེ་ཐང་གི་ལྟེ་གནས་སུ་གནས་པ་དང་། ལྷོ་ངོས་ཕྱོགས་ནི་ཧུང་ཙེ་མཚེའུ་ལ་གཏད་ཡོད་པ་རེད། ཤར་ངོས་ནི་ཝང་ཤིན་གྲོང་རྡལ་ཡན་ཞིས་གློག་ཁང་བར་ཡན་ཧོ་གཙང་པོས་བར་བཅད་དེ་ལན་ཧྲུའེ་པའོ་ཐན་དང་ཁྱིམ་མཚེས་ཡིན་པ་དང་། བྱང་ངོས་ནི་ཞུས་ལུའུ་གྲོང་རྡལ་ཧྥེང་ཀྲོང་གྲོང་ཚོའི་བར་དུ་ལིའུ་ཐང་གཙང་པོ་བཅད་དེ་ཧྲུའུ་དབྱང་རྫོང་གི་ཆན་ཅི་དང་ཕན་ཚུན་ཁ་སྤྲོད་དུ་གནས། ནུབ་ངོས་ནི་ཀྲུའུ་ལུའོ་འགག་གློག་ཁང་བར་དུ་མིས་བཟོས་གཙང་པོ་ཆེན་པོ་བཅད་དེ་སི་དབྱང་རྫོང་དང་ཉེ། ས་ཁོངས་སྤྱིའི་རྒྱ་ཁྱོན་སྟོང་སྨི་ངོས་གྲུ་བཞི་མ1291.48ཡོད། ཧོའེ་དབྱིན་ཆུས་ནི་གནའ་དུས་རྫོང་གི་མངའ་ཁོངས་དེ་ཧོའེ་ཧོ་ཆུ་བོའི་ལྷོ་ངོགས་སུ་ཡོད་པས་མིང་དེ་ལྟར་དུ་འབོད་པ་བྱུང་། ལོ་ངོ2300ལྷག་གི་ལོ་རྒྱུས་ལྡན་པའི་གནའ་བོའི་རྫོང་སྐད་གྲགས་ཅན་ཞིག་ཡིན་པ་དང་། ཧན་རྒྱལ་རབས་ཀྱི་ཐོག་མའི་དུས་ཀྱི་འཇོན་ཐང་ལྡན་པའི་མི་སྣ་གསུམ་གྱི་གྲས་ཤིག་ཡིན་པའི་ཧོའེ་དབྱིན་ཧོའུ་ཧན་ཞིན་ལགས་ཀྱི་ཕ་ཡུལ་ཡིན། སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང4དང་གྲོང་རྡལ9 གསར་སྤེལ་ཁུལ1ཡོད་པ་དང་། མི་འབོར་ཁྲི91.1764ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར534.5ལ་སླེབས་པ་དང་། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར72.25དང་། ཐོན་ལས་གཉིས་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར224.85ལ་སླེབས། ཐོན་ལས་གསུམ་པའི་རིན་ཐང་འཕར་མ་སྒོར་དུང་ཕྱུར234.4ལ་སླེབས། ཐོན་ལས་གསུམ་པའི་རིན་ཐང་འཕར་མའི་བསྡུར་ཚད14.07:42.06:43.85ལ་སླེབས། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར68263ལ་སླེབས་པ་བཅས་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧུའེ་དབྱིན་ཆུས།
རྒྱ་ཡིག་གི་མིང་།
淮阴区
ཕྱི་ཡིག་གི་མིང་།
Huaiyin District
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་ཞིང་ཆེན་ཧོའེ་ཨན་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང4 གྲོང་རྡལ9
སྲིད་གཞུང་སྡོད་གནས།
ཝང་ཅ་དབྱིན་ཁྲོམ་གཞུང་འབྲི་ཆུའི་ལམ་ཆེན་ཁྲེང་ཏིང་བྱང་ལམ་ཨང་རྟགས606པ།
ས་ཁོངས་ཁ་པར་ཨང་རྟགས།
0517(+86)
སྦྲག་སྲིད་ཚབ་ཨང་།
223300
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ1264.10
མི་གྲངས།
ཁྲི91.1764
ནམ་ཟླ།
དྲོད་ཁུལ་ནས་ཚ་ཁུལ་ཕལ་བར་བརྒལ་ཅན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
苏H
སྲིད་འཛིན་ཚབ་ཨང་།
320804
གནམ་གྲུའི་ཐང་།
ཧོའེ་ཨན་ལེན་ཧྲུའེ་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཧོའེ་ཨན་མེ་འཁོར་འབབ་ཚུགས།
1 འཕེལ་རིམ་ལོ་རྒྱུས།

སྤྱི་ལོ1948ལོའི་ཟླ12པར་མི་དམངས་བཅིངས་འགྲོལ་དམག་གིས་ཧོའེ་དབྱིན་གྲོང་ཁྱེར་བཅིངས་འགྲོལ་བཏང་བ་དང་། ཧོའེ་དབྱིན་གྲོང་ཆུས་དང་ཧོའེ་ཨན་གྲོང་ཆུས་གཉིས་ཟླ་སྒྲིལ་བཏང་ནས་ཧོའེ་ཨན་གྲོང་ཁུལ་ལིང་ཧོའེ་གྲོང་ཁྱེར་དུ་གྱུར་པ་དང་། གྲོང་ཁྱེར་སྲིད་གཞུང་གནས་ཡུལ་ནི་ཆིང་ཅང་ཕུའུ་ཡིན་པ་རེད། གྲོང་གསེབ་ནི་ཧོའེ་དབྱིན་རྫོང་ཡིན།     

སྤྱི་ལོ1949ལོའི་ཟླ10པར། ཀོན་ཏང་ཆུས་དེ་ལེན་ཧྲུའེ་རྫོང་གི་ཁོངས་སུ་བགོས།

སྤྱི་ལོ1951ལོའི་ཟླ1པར། རྫོང་མཁར་དེ་ཧོའེ་དབྱིན་རྫོང་ནས་ལོགས་སུ་བགོས་ཤིང་། ཆིང་ཅང་གྲོང་ཁྱེར་ཁོ་ནར་བཞག ཧོའེ་དབྱིན་རྫོང་སྲིད་གཞུང་ཡང་ཝང་ཡིང་གྲོང་རྡལ་དུ་སྤོས། ཆན་ཅིང་ཁྲོམ་གཞུང་དོག་དྲགས་པས་ལམ་མདོའི་ནུབ་བྱང་ཟུར་དུ་གཞུང་ལས་ཁང་བཙུགས།     

སྤྱི་ལོ1952ལོར་ཅང་པ་ཆུས་བཙུགས།     

སྤྱི་ལོ1958ལོའི་ཟླ8པར། ཧོའེ་དབྱིན་རྫོང་དང་ཆིང་ཅང་གྲོང་ཁྱེར་ཡང་བསྐྱར་ཟླ་སྒྲིལ་བྱས་ཏེ། ཧོའེ་དབྱིན་གྲོང་ཁྱེར་བཙུགས།      སྤྱི་ལོ1964ལོའི་ཟླ10པར་གྲོང་ཁྱེར་དང་རྫོང་ཡང་བསྐྱར་ཧོའེ་དབྱིན་རྫོང་དང་ཆིང་ཅང་གྲོང་ཁྱེར་དུ་བགོས་མོད། འོན་ཀྱང་ཧོའེ་དབྱིན་རྫོང་སྲིད་གཞུང་སྔར་བཞིན་ཆིང་ཅང་པོ་ཀུའུ་ལུའུ་ཞན་དུ་བཅའ་སྡོད་བྱས་ཡོད།     

སྤྱི་ལོ1972ལོར་ཧོའེ་དབྱིན་རྫོང་སྲིད་གཞུང་དེ་ཝང་ཡིང་གྲོང་རྡལ་པེ་ཅིང་ལམ་གྱི་སྒོ་རྟགས་ཨང73པར་སྤོས།     

སྤྱི་ལོ1983ལོའི་ཟླ་3པར། ཅང་སུའུ་ཞིང་ཆེན་གྱིས་གྲོང་ཁྱེར་གྱིས་རྫོང་ལ་དོ་དམ་བྱེད་པའི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། ཧོའེ་དབྱིན་ས་ཁུལ་གྱི་ཀྲོན་ཡོན་ཀུང་ཧྲུའུ་མེད་པར་བཟོས་ཏེ། ཧོའེ་དབྱིན་གྲོང་ཁྱེར་བཙུགས་པ་དང་། ཧོའེ་དབྱིན་རྫོང་ནི་དེའི་ཁོངས་གཏོགས་ཡིན།     

སྤྱི་ལོ2001ལོའི་ཟླ1པའི་ཚེས1ཉིན། ཧོའེ་དབྱིན་གྲོང་ཁྱེར་གྱི་མིང་དེ་ཧོའེ་ཨན་གྲོང་ཁྱེར་ཞེས་པར་བསྒྱུར་བ་དང་། ཧོའེ་དབྱིན་རྫོང་དེ་ཧོའེ་ཨན་གྲོང་ཁྱེར་ཧོའེ་དབྱིན་ཆུས་ཞེས་པར་བསྒྱུར། ཁོངས་གཏོགས་ས་ཁུལ་ལ་འགྱུར་བ་མེད་པར་བཞག

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2018ལོ་བར་ཧོའེ་དབྱིན་ཆུས་ཁོངས་གཏོགས་སུ་ཁྲོམ་གཞུང4(འབྲི་ཆུའི་ལམ་ཁྲོམ་གཞུང་། ཝང་ཅ་ཡིང་ཁྲོམ་གཞུང་། ཞིན་ཏུའུ་ཁོའུ་ཁྲོམ་གཞུང་། ཀུ་ཆིང་ཁོའུ་ཁྲོམ་གཞུང)དང་གྲོང་རྡལ9(ནན་ཁྲེན་ཅི་གྲོང་རྡལ། ཏིང་ཅི་གྲོང་རྡལ། ཞུས་ཁྲེ་གྲོང་རྡལ། ཡུས་ཀུའོ་གྲོང་རྡལ། སན་ཧྲུའུ་གྲོང་རྡལ། ཀའོ་ཅ་ཡན་གྲོང་རྡལ། མ་ཐུའོ་གྲོང་རྡལ། ལིའུ་ལའོ་ཀྲོང་གྲོང་རྡལ། ཧོའེ་ཀའོ་གྲོང་རྡལ)ཡོད་པ་དང་གསར་སྤེལ་ཁུལ་གཅིག་ལོགས་སུ་བཙུགས་ཡོད། ཧོའེ་དབྱིན་ཆུས་མི་དམངས་སྲིད་གཞུང་གི་ཝང་ཅ་ཡིང་ཁྲོམ་གཞུང་འབྲི་ཆུའི་ལམ་གྱི་ཁྲོམ་གཞུང་ཁྲེང་ཏེ་བྱང་ལམ་གྱི་ཨང་རྟགས606པར་བཅའ་སྡོད་བྱས་ཡོད།

3 མི་གྲངས་གནས་ཚུལ།

སྤྱི་ལོ2018ལོའི་ལོ་མཇུག་བར་ཧོའེ་དབྱིན་ཁུལ་གྱི་མི་འབོར་ཁྲི91.1764ཡོད་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི5425ཡིས་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོར་གསར་སྐྱེས་མི་འབོར8671ཡོད་པ་དང་སྐྱེས་ཚད9.51‰ལ་སླེབས་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་འབོར13319ཡོད་པ་དང་ཤི་ཚད14.61‰ལ་སླེབས་ཡོད། རང་བྱུང་འཕར་ཚད་ནི-5.1‰4ཡིན།     

4 ཆབ་སྲིད་འགོ་ཁྲིད།

ཆུས་ཏང་ཨུའི་ཧྲུའུ་ཅི། ཏུང་ཀོ་ཞི།

ཆུས་ཏང་ཧྲུའུ་ཅི་གཞོན་པ། ཁྲེན་ཀྲང་།     

རྒྱུན་ལས་ཨུ་ཡོན། ཀྲང་ཨའེ་རྨིན་དང་། སང་ཧྲའོ་ཧོའེ། ཞེ་ཕེང་། ཀོ་ལི་རྨིན། ཏིང་ཧྥེང་ཀྲེན། ཀོ་ཡུས་ཧའེ། ཅང་ཨན་རྨིན། ཉི་ལི་ཧྥེང་། (གནས་སྦྱར)    

ཆུས་སྲིད་གཞུང་ཆུས་ཀྲང་། ཁྲེན་ཀྲང་།     

ཆུས་ཀྲང་གཞོན་པ། དབྱིན་ཅུན། ཝང་ཅུན་ཁྲའོ།(གནས་སྦྱར) ཚའེ་ཧྥང་། ཧོང་ཁེ་ཐའོ། ཏིང་གོ་ཧྲེང་།(གནས་སྦྱར) ཏིང་རུའེ། ཆི་ཨན། ཧུའུ་ཅུན་ཅོན། ཧུའུ་ཀྲེན།

5 དཔལ་འབྱོར་རགས་བཤད།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར534.5མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.4%འཕར་ཡོད། ཐོན་ལས་དབྱེ་ནས་བལྟས་ན། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར72.25ལ་སླེབས་ནས2.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར224.85ལ་སླེབས་ནས6.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར234.4ལ་སླེབས་ནས8.3%འཕར་ཡོད། དཔལ་འབྱོར་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ཐོན་ལས་ཐེངས་གསུམ་གྱི་རིན་ཐང་འཕར་མའི་བསྡུར་ཚད་དེ་ལོ་གོང་མའི14.88:42.13:42.99ནས14.07:42.06:43.85བར་ལེགས་སྒྲིག་དང་བཟང་སྒྲིག་བྱས་པ་རེད། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར68263ལ་སླེབས་པ་དེ་ལོ་གོང་མ་ལས་སྒོར6624འཕར།

སྤྱི་ལོ2018ལོར་ཧོའེ་དབྱིན་ཁུལ་གྱི་ཞིང་པའི་སྤྱི་འཁོར་འགྲུལ་སྐྱེལ་བྱེད་ཚད་མི་ཐེངས་ཁྲི630ལ་སླེབས་པ་དང་འགྲུལ་སྐྱེལ་འཁོར་རྒྱུག་བྱེད་ཚད་སྟོང་སྨི་ཁྲི9450ལ་སླེབས་ཡོད། ལོ་ཧྲིལ་པོར་གཙང་པོའི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་ཁྲི1273.3ལ་སླེབས་པ་དེ་སྔ་ལོ་ལས26.7%མར་ཆག་ཡོད། ལོ་མཇུག་ཏུ་དམངས་སྤྱོད་རླངས་འཁོར93898ཡོད་པའི་ནང་སྒེར་གྱི་རླངས་འཁོར85225ཡོད་པ་རེད།

སྤྱི་ལོ2018ལོར་ཧོའེ་དབྱིན་ཁུལ་གྱི་གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ལོ་གོང་མ་ལས9.3%འཕར་ཡོད། དེའི་ནང་གཏན་འཇགས་རྒྱུ་ནོར་རྣམ་གྲངས་ཀྱི་མ་འཇོག་ལོ་གོང་མ་ལས12.3%འཕར་བ་དང་། ས་ཁང་བདག་ཁོངས་ལ་མ་དངུལ་འཇོག་གྲངས་སྔ་ལོ་ལས10.3%མར་ཆག་ཡོད། ཐོན་ལས་ལྟར་དབྱེ་ན། ཐོན་ལས་དང་པོའི་མ་འཇོག་ལོ་གོང་མ་ལས39.9%མར་ཆག་པ་དང་། ཐོན་ལས་གཉིས་པའི་མ་འཇོག་སྤྱི་ལོ2017ལོ་ལས15.7%འཕར། ཐོན་ལས་གསུམ་པ་སྤྱི་ལོ2017ལོ་ལས0.5%འཕར།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ས་གནས་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར38.4001ལ་སླེབས་ནས་སྒོར་དུང་ཕྱུར6.2589མང་དུ་ཕྱིན་ནས19.4%འཕར་བ་དང་། སྤྱིར་བཏང་གི་ས་གནས་ནོར་སྲིད་ཀྱི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར26.2706ལ་སླེབས་ནས་སྒོར་ཁྲི6976མང་དུ་ཕྱིན་ནས2.7%འཕར་བ་དང་། སྤྱི་པའི་སྔོན་རྩིས་ཡོང་འབབ་ཁྲོད་ཀྱི་ཁྲལ་བསྡུའི་ཡོང་འབབ་ཁག་སྒོར་དུང་ཕྱུར21.1352ཡིན་པས་སྒོར་ཁྲི23474མང་དུ་སོང་ནས12.5%འཕར་ཡོད།

སྤྱི་ལོ2018ལོར་ཧོའེ་དབྱིན་ཁུལ་གྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར67.5981ལ་སླེབས་ནས18.33%འཕར་ཡོད། ལོ་ཧྲིལ་པོར་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར10.5695ལ་སླེབས་ནས0.95%མར་ཆག་པ་དང་། སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར7.1457ཡིན་པས1.54%མར་ཆག སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར9.4859ལ་སླེབས་པས4.28%མར་ཆག གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་དོན་གྱི་གཏོང་སྒོ་སྒོར་དུང་ཕྱུར7.3605ལ་སླེབས་པས་82.29%འཕར་ཡོད། ཁོར་ཡུག་སྲུང་སྐྱོང་གི་གཏོང་སྒོ་སྒོར་ཁྲི8610ལ་སླེབས་ནས24.76%འཕར། ཚན་རིག་ལག་རྩལ་གྱི་གཏོང་སྒོ་སྒོར་ཁྲི5704ལ་སླེབས་ནས81.25%འཕར། ཞིང་ནགས་ཆུ་གསུམ་གྱི་ལས་དོན་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར9.9371ལ་སླེབས་པས1.49%འཕར་ཡོད། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་གྱི་གཏོང་སྒོ་སྒོར་ཁྲི3858ལ་སླེབས་ནས3.16%མར་ཆག ནོར་སྲིད་ཀྱིས་སྤྱི་ཚོགས་འགན་སྲུང་ཐེབས་རྩར་གསབ་དངུལ་སྤྲོད་པའི་གཏོང་སྒོ་སྒོར་དུང་ཕྱུར2.5848ཡིན་པས38.2%འཕར་ཡོད།

5_1 ཐོན་ལས་དང་པོ།

སྤྱི་ལོ2018ལོར་ཧོའེ་དབྱིན་ཁུལ་གྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི146.15ལ་སླེབས་པ་དེ་ལོ་གོང་མ་ལས་མུའུ་ཁྲི3.15འཕར་བ་དང་། སྣུམ་རྒྱུ་འདེབས་ཁྱོན་མུའུ་ཁྲི5.07ལ་སླེབས་ནས་མུའུ་ཁྲི0.19ཡིས་ཇེ་ཉུང་དུ་ཕྱིན། སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི45.96ལ་སླེབས་པ་དེ་སྤྱི་ལོ2017ལོ་ལས་མུའུ་ཁྲི0.84ཉུང་དུ་ཕྱིན་ཡོད་པ་རེད། ལོ་ཧྲིལ་པོར་འབྲུ་རིགས་ཐོན་ཚད་ཏུན་ཁྲི67.94ལ་སླེབས་ནས་སྔ་ལོ་ལས་ཏུན་ཁྲི3.34འཕར་ཡོད། དེའི་ནང་དབྱར་འབྲུའི་ཐོན་ཚད་ཏུན་ཁྲི28.49ལ་སླེབས་ནས་ཏུན་ཁྲི1.84ཐོན་འཕར་བྱུང་བ་དང་། སྟོན་འབྲུ་ཐོན་ཚད་ཏུན་ཁྲི39.45ལ་སླེབས་ནས་ཐོན་ཚད་ཏུན་ཁྲི1.5འཕར་ཡོད། ལོ་ཧྲིལ་པོར་སྣུམ་རྒྱུ་ཐོན་ཚད་ཏུན་ཁྲི1.21ལ་སླེབས་ནས་ཏུན་ཁྲི0.01གིས་ཇེ་ཉུང་དུ་ཕྱིན།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ཤིང་ཆའི་ཐོན་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི8.01ལ་སླེབས་པ་དེ་ལོ་གོང་མ་ལས1.9%འཕར།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ཤ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི6.81ལ་སླེབས་པ་དེ་ལོ་གོང་མ་ལས2.13%མར་ཆག་ཡོད། དེའི་ནང་ཕག་ཤའི་ཐོན་ཚད་ཏུན་ཁྲི3.18ལ་སླེབས་ནས3.6%མར་ཆག་པ་དང་། ཚགས་ཤ་ཐོན་ཚད་ཏུན་ཁྲི0.06ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་མཉམ་པ་དང་། ལུག་ཤ་ཐོན་ཚད་ཏུན་ཁྲི0.07ལ་སླེབས་པ་དེ་སྤྱི་ལོ2017ལོ་དང་མཉམ་པ་དང་།   སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་ཆུའི་ཐོན་འབབ་ཏུན་ཁྲི3.51ལ་སླེབས་ནས2.03%འཕར་ཡོད། དེའི་ནང་གསོ་ཚགས་བྱས་པའི་ཆུ་ཐོན་དངོས་རྫས་ཐོན་ཚད་ཏུན་ཁྲི2.12ལ་སླེབས་ནས2.03%འཕར། སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་སུ་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང907གྱིས་ཇེ་མང་དུ་ཕྱིན།

5_2 ཐོན་ལས་གཉིས་པ།

སྤྱི་ལོ2018ལོར་ཧོའེ་དབྱིན་ཁུལ་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར193.26ལ་སླེབས་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས6.4%འཕར་ཡོད། གཞི་ཁྱོན་ལྡན་པའི་བཟོ་ལས་ལ་ཁེ་སྤོགས་སྒོར་དུང་ཕྱུར25.69བྱུང་བ་དེ་ལོ་གོང་མ་ལས26.89%མར་ཆག

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར235.18ལ་སླེབས་པ་དང་ཕྱི་ཕྱོགས་སུ་ཨར་ལས་བྱས་པའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་74.41ལ་སླེབས་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཡོངས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར31.6ལ་སླེབས་པ་དེ་སྔ་ལོ་ལས3.5%འཕར་ཡོད། ཆུས་ཡོངས་སུ་འོས་ཐོབ་ཀྱི་རིམ་པ་ལྡན་པའི་སྤྱིའི་འགན་གཙང་དང་ཆེད་ལས་འགན་གཙང་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་ཁེ་བཟང་སྒོར་དུང་ཕྱུར13.59བྱུང་ནས14.49%འཕར།

5_3 ཐོན་ལས་གསུམ་པ།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར123.60ལ་སླེབས་པ་དེ་ལོ་གོང་མ་ལས8%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར116.15ལ་སླེབས་ནས10.1%འཕར་བ་དང་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར7.45ལ་སླེབས་ནས16.6%ཆག་ཡོད་པ་རེད། བཅད་གྲངས་ཡན་གྱི་སྡེབ་ཚོང་དང་སིལ་ཚོང་ཁེ་ལས་ཀྱི་འཛད་སྤྱོད་དངོས་རྫས་ཁྲོད་རླངས་འཁོར་རིགས་ཀྱི་ཕྱིར་ཚོང་བྱེད་ཚད་རིམ་རྩིས་བྱས་ན་ལོ་གོང་མ་ལས13%ཉུང་དུ་ཕྱིན་པ་དང་། འབྲུ་སྣུམ་རིགས11.9%ཉུང་དུ་ཕྱིན། གྱོན་ཆས་རིགས13.3%ཉུང་དུ་ཕྱིན། ཉིན་མཁོའི་དངོས་རྫས་རིགས9.1%འཕར། རིག་གནས་གཞུང་ལས་མཁོ་ཆས་རིགས21.6%འཕར། འཕྲིན་གཏོང་ཡོ་བྱད་རིགས4.8%འཕར། མཛེས་འདོན་བྱུག་རྫས་རིགས27.8%ཉུང་དུ་ཕྱིན། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་སྨན་རྫས་རིགས3.7%འཕར། ཁྱིམ་ཆས་རིགས30.8%ཀྱིས་ཇེ་ཉུང་དུ་ཕྱིན་པ་བཅས་རེད།

སྤྱི་ལོ2018ལོར་ཧོའེ་དབྱིན་ཆུས་ཀྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར6.0051ལ་སླེབས་པ་དེ་ལོ་གོང་མ་ལས124.7%འཕར་ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར2.3188ལ་སླེབས་ནས27.6%འཕར་ཡོད། ལོ་ཧྲིལ་པོར་དོན་དངོས་ཐོག་ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར2.0014སྤྱད་པ་དེ་ལོ་གོང་མ་ལས0.78%མར་ཆག

དཔྱད་གཞིའི་ཡིག་ཆ།