ཕུའུ་ཅང་རྫོང་།སྔ་མའི་པར་གཞི་དེ བྱ་མདོ་པདྨ་རྒྱལ།2019  ནས 2020-03-27 15:35ལ་འགྲུབ།

ཕུའུ་ཅང་རྫོང་།

ཕུའུ་ཅང་རྫོང་།
ཕུའུ་ཅང་རྫོང་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱི་ཁོངས་གཏོགས་ཡིན། ཀྲེ་ཅང་གི་དབུས་རྒྱུད་དང་ཅིན་ཧྭ་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་སྤྱི་ལོ2013ལོའི་བར་ཕུའུ་ཅང་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ920ཡོད་པ་དང་དེའི་ཁོངས་སུ་གྲོང་རྡལ7དང་ཡུལ་ཚོ5དང་སྲང་ལམ3དང་། སྲིད་འཛིན་གྲོང་ཚོ409 སྡེ་ཁུལ20བཅས་ཡོད་པ་དང་ཐེམ་ཐོའི་མི་འབོར་ཁྲི38དང་ཕྱི་ནས་ཡོང་བའི་མི་འབོར་ཁྲི10ཡོད་པ་རེད། ཕུའུ་ཅང་གཙང་པོར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཧན་ཤར་མའི་ཞིན་ཕིན་ཁྲི་ལོ་གཉིས་(སྤྱི་ལོ195)པར་རྫོང་བཙུགས་པ་དང་། ཐང་ཐེན་པའོ་ཁྲི་ལོ་བཅུ་གསུམ་(སྤྱི་ལོ754)ལོར་ཕུའུ་དབྱང་རྫོང་བཙུགས། རྒྱལ་རབས་ལྔའི་ཝུའུ་ཡུའེ་ཁྲི་ལོ་ལོ་གསུམ་པར(སྤྱི་ལོ910)ཕུའུ་དབྱང་དེ་ཕུའུ་ཅང་དུ་བསྒྱུར་བ་དང་ལོ་ངོ1800ལྷག་གི་ལོ་རྒྱུས་ཡོད། ཀྲེ་ཅང་ནས་ཅང་ཞིའི་བར་གྱི་ལྕགས་ལམ་དང་། ཞིང་ཆེན་རིམ་པའི་གཞུང་ལམ་གཉིས། (ཧང་ཅིན་གཞུང་ལམ་དང་ཅང་དབྱི་ལྕགས་ལམ)དང་ཧྲང་ཧའེ་ནས་ཁུན་མིང་བར་གྱི་མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་བརྒྱུད་ཡོད་པ་དང་། དབྱི་ཝུའུ་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་ཐང་དེ་ཕུའུ་དབྱི་གཉིས་ཀྱི་ས་མཚམས་སུ་བཙུགས་ཡོད་ཅིང་། རྫོང་ནང་ཁུལ་གྱི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། གློག་འདོན་དང་འཕྲིན་སྐྱེལ་གྱི་སྒྲིག་བཀོད་ཆ་ཚང་པོ་ཡོད་པས་དཔལ་འབྱོར་གོང་དུ་སྤེལ་བའི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཕུའུ་ཅང་རྫོང་ནི་ཀྲེ་ཅང་གི་དབུས་རྒྱུད་དུ་གནས་པ་དང་། ཀྲེ་ཅང་གི་ཅིན་ཧྭ་ཡི་ཁོངས་གཏོགས་ཡིན། མི་རབས་རིམ་བྱུང་གི་གྲགས་ཅན་མི་སྣ་མང་པོ་ཐོན་ནས“རིག་གནས་ཀྱི་རྒྱལ་ཕྲན”དང་། “ཡིག་རིས་ཀྱི་ཕ་ཡུལ” “ཆུ་ཤེལ་གྱི་གྲོང་ཁྱེར” “སྒོ་ལྕགས་རྟེན་གཞི” “ཀྲུང་གོའི་འཚེམ་སྲུབས་ཁྱིམ་འཁེལ་གྲགས་ཅན་གྲོང་ཁྱེར”བཅས་ཀྱི་མཚན་སྙན་ཡོད། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ་5པའི་ཚེས14ཉིན་སྐབས་བཅུ་པའི་ཀྲུང་ཧྭའི་ཁོར་ཡུག་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
浦江县
ཡུལ་སྐད།
ཝུའུ་སྐད།
ཕྱི་ཡིག་གི་མིང་།
Pujiang County
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ920ཡོད།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ནམ་ཟླའི་ཆ་རྐྱེན།
ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླ།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར།
མཚན་སྙན།
“རིག་གནས་ཀྱི་རྒྱལ་ཕྲན”དང་། “ཡིག་རིས་ཀྱི་ཕ་ཡུལ” “ཆུ་ཤེལ་གྱི་གྲོང་ཁྱེར”སོགས་སོ།།
མངའ་ཁོངས།
གྲོང་རྡལ7དང་ཡུལ་ཚོ5དང་སྲང་ལམ3ཡོད།
རླངས་འཁོར་ཚབ་ཨང་།
浙G
ས་ཁོངས་ཁ་པར་ཨང་རྟགས།
0579
སློབ་འབྲིང་མིང་གྲགས་ཅན།
ཕུའུ་ཅང་སློབ་འབྲིང་སོགས།
སྦྲག་སྲིད་ཨང་རྟགས།
322200
སྲིད་འཛིན་ཁོངས་བགོས་ཚབ་ཨང་།
330726
1 ལོ་རྒྱུས་ཀྱི་འཕེལ་རིམ།

མིང་གོའི་སྲིད་ལོ38ལ(སྤྱི་ལོ1949ལོར་)ཕུའུ་ཅང་བཅིངས་འགྲོལ་བཏང་བ་དང་ཀྲེ་ཅང་ཞིང་ཆེན་གྱི་ཅིན་ཧྭ་ཀྲོན་ཆུས(ཐོག་མར་ཀྲོན་ཆུས་བརྒྱད་པ་ཟེར)ཀྱིཁོངས་སུ་གཏོགས།     སྤྱི་ལོ1960ལོའི་ཟླ1པོའི་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུའུ་ཅང་རྫོང་གི་སྒྲིག་གཞི་མེད་པ་བཟོ་རྒྱུའི་གཏན་འབེབས་བྱས་པ་དང་། མེ་ཅང་མི་དམངས་ཀུང་ཧྲེ(ཆུས་དང་མཚུངས་པ)གི་སྲིད་འཛིན་ས་ཁོངས་ལན་ཤིས་རྫོང་གི་ཁོངས་སུ་བཅུག་པ་ཕུད། དེ་བྱིངས་ཀྱི་སྲིད་འཛིན་ས་ཁོངས་དབྱི་ཝུའུ་རྫོང་ཁོངས་སུ་ཟླ་སྒྲིལ་བཏང་བ་རེད།     སྤྱི་ལོ1966ལོའི་ཟླ12པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུའུ་ཅང་རྫོང་སླར་གསོ་བྱེད་པར་ཆོག་མཆན་བཀོད་པ་དང་། དབྱི་ཝུའུ་རྫོང་གི་དེ་སྔའི་སྲིད་འཛིན་ས་ཁོངས་ཕུའུ་ཅང་ལ་བགོས་པ་རེད། རྫོང་མཁར་ནི་ཕུའུ་དབྱང་གྲོང་རྡལ་དུ་ཡོད་ཅིང་། ཅིན་ཧྭ་ས་ཁུལ་དུ་གཏོགས།     སྤྱི་ལོ1985ལོའི་ཟླ་6པར་ས་ཁུལ་ནས་གྲོང་ཁྱེར་དུ་བསྒྱུར་བ་དང་། ཅིན་ཧྭ་གྲོང་ཁྱེར་དུ་གཏོགས།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2013ལོའི་བར་ཕུའུ་ཅང་རྫོང་གི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ920ཟིན་པ་དང་དེའི་ཁོངས་སུ་གྲོང་རྡལ7དང་། ཡུལ་ཚོ5 སྲང་ལམ3སྟེ། ཕུའུ་དབྱང་སྲང་ལམ་དང་། ཕུའུ་ནན་སྲང་ལམ། ཞན་ཧྭ་སྲང་ལམ། ཧོང་ཀྲའེ་གྲོང་རྡལ། ཡན་ཐུའོ་གྲོང་རྡལ། ཀྲེང་ཀྲའེ་གྲོང་རྡལ། ཐན་ཤིས་གྲོང་རྡལ། ཧང་ཕིང་གྲོང་རྡལ། པའེ་མ་གྲོང་རྡལ། ཀྲེང་ཅ་ཝུའུ་གྲོང་རྡལ་བཅས་ཡོད་པ་དང་། ཡུས་ཀྲའེ་ཡུལ་ཚོ་དང་། ཏ་ཡུས་ཡུལ་ཚོ། ཀྲུང་ཡུས་ཡུལ་ཚོ། ཆན་ཝུའུ་ཡུལ་ཚོ། ཧྭ་ཆའོ་ཡུལ་ཚོ་བཅས་ཡོད་ཅིང་། རྫོང་མི་དམངས་སྲིད་གཞུང་ནི་ཕུའུ་དབྱང་སྲང་ལམ་མི་དམངས་ཤར་ལམ་ཨང38པར་གནས་ཡོད།

3 ས་ཁམས་ཁོར་ཡུག
3_1 ​གནས་ཡུལ།

ཕུའུ་ཅང་རྫོང་ནི་ཅིན་ཧྭ་གྲོང་ཁྱེར་གྱི་བྱང་ཕྱོགས་སུ་ཆགས་ཡོད་པ་དང་། གཞུང་ཐིག་ཤར་མའི 119°42′~ 120° 07′དང་། འཕྲེད་ཐིག་བྱང་མའི 29° 21′~ 29°41′བར་གནས་ཡོད། བྱང་ཤར་ཁུལ་ནས་ཀྲུའུ་ཅི་གྲོང་ཁྱེར་དང་འབྲེལ་ཞིང་། ཤར་ལྷོར་དབྱི་ཝུའུ་གྲོང་ཁྱེར་དང་འབྲེལ་བ། ལྷོ་ནུབ་ནས་ལན་ཞི་གྲོང་ཁྱེར་འབྲེལ་ཡོད། ནུབ་བྱང་ནས་ཅན་ཏེ་དང་ཐུང་ལུའུ་གྲོང་ཁྱེར་ས་མཚམས་འབྲེལ་ཞིང་། ཅིན་ཧྭ་གྲོང་ཁུལ་དང་བར་ཐག་སྟོང་སྨི46ཡོད།

3_2 ས་དབྱིབས།

ལུང་མོན་རི་རྒྱུད་ཁག་གསུམ་དུ་དབྱེ་ནས་ནུབ་ནས་ཤར་དུ་བསྲིངས་ཤིང་། བྱང་དུ་རྫོང་མངའ་ཁོངས་ཀྱི་ནུབ་བྱང་དང་ཅན་ཏེ་དང་ཐུང་ལུའུ་གྲོང་ཁྱེར་གཉིས་ཀྱི་བར་དུ་གནས་པ་དང་། མང་ཆེ་བ་རི་བོ་འབྲིང་བ་དམའ་བའི་རིགས་ཡིན་ལ། དེ་དག་ལས་ཐུང་ལུའུ་གྲོང་ཁོངས་ཀྱི་ཁྲའོ་ཐེན་མིན་ནི་ས་བབ་མཐོ་ཚད་སྨི1050ཡོད་ཅིང་། རྫོང་ཁོངས་ཀྱི་ཆེས་མཐོ་བའི་གནས་ཡིན། དབུས་ཀྱི་འཕྲེད་བཅད་དང་རྫོང་གི་དབུས་ཁུལ་ལ་ངག་རྒྱུན་དུ་བྱང་རི་ཟེར། དེ་ནི་ཕུའུ་ཅང་གཞོང་ས་དང་ནུབ་བྱང་རི་ཁུལ་གྱི་རང་བྱུང་མཚམས་ཐིག་ཡིན། རྫོང་ཁོངས་ཀྱི་ལྷོ་རྒྱུད་དང་། ལན་ཞི། དབྱི་ཝུའུ་བཅས་གྲོང་ཁྱེར་གཉིས་ཀྱི་བར་ལ་ལྷོ་རི་ཟེར། དེ་ནས་བྱང་ཤར་དུ་ཕྱོགས་ནས་ཀྲེང་ཅ་ཝུའུ་བྱང་དུ་བསྲིངས་ཤིང་། དེ་ལ་ཕུའུ་ཏུང་རི་རྒྱུད་ཟེར། དབུས་ལྷོ་དང་། ལྷོ་རྒྱུད། ཕུའུ་ཏུང་བཅས་རི་བོ་གསུམ་གྱི་བར་དུ་ཕུའུ་ཅང་གཞོང་ས་ཡོད།

3_3 ཆུ་དཔྱད།

ཕུའུ་ཅང་གཙང་པོ་ནི་ཆན་ཐང་གཙང་པོའི་ཆུ་རྒྱུད་ཡིན། རྫོང་ཁོངས་ནུབ་ཁུལ་གྱི་ཐན་ལིང་བྲག་རྡོ་ལྷོ་འདབས་ཀྱི་ཕུའུ་དབྱང་ཅང་གཙང་པོ་ནས་ནུབ་ནས་ཤར་དུ་རྒྱུག་ཅིང་། པེ་མ་གྲོང་རྡལ་ཐང་ལི་བྱང་ཤར་ནས་ཐོན་ཏེ་རྫོང་ཁོངས་ནས་ཀྲུའུ་ཅི་གྲོང་ཁྱེར་དུ་སླེབས་པ་དང་། ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཝུན་ཡན་གྲོང་རྡལ་ནས་ཆན་ཐང་ཅང་གཙང་པོར་འདྲེས། ལམ་རྒྱུད་དུ་ཧུང་ཀུང་དང་ཧྲིན་ཞི་སོགས་ཆུ་ཕྲན་ཆེ་ཆུང32བསྡུ་ལེན་བྱས་ཡོད། ཧུའུ་ཡོན་ཅང་ནི་ཐེན་ལིན་ཡན་གྱི་ནུབ་བྱང་འདབས་ནས་བྱུང་བ་དང་། ཤར་ངོས་ཧང་ཁོའུ་ཕིང་ནས་བྱང་ཕྱོགས་སུ་རྒྱུག་པ་རེད། ཐན་ཞི་གྲོང་རྡལ་ཏ་ཙི་བྱང་ཕྱོགས་སུ་བཞུར། ཐུང་ལུའུ་རྫོང་ནས་ཧྥུ་དབྱང་ཁྲོམ་རའི་ཁོའུ་གྲོང་རྡལ་ནས་བྱང་ཕྱོགས་སུ་ཧྥུ་ཚུན་ཅང་དུ་འབབ་པ་དང་། ལམ་བར་དུ་ཀུའུ་ཞའོ་ཡོན་ཞི་དང་ལུའོ་ཅ་ཡོན་སོགས་ཀྱི་ཆུ་འདྲེས་ཡོད། ཏ་ཁྲེན་ཅང་ལིའུ་རྫོང་ཁོངས་ཀྱི་ཤར་ལྷོའི་རྒྱུད་ནས་ཀྲུའུ་ཅི་གྲོང་ཁྱེར་ཨན་ཧྭ་གྲོང་བརྡལ་བརྒྱུད་དེ་ཕུའུ་དབྱང་ཅང་གཙང་པོར་འདུས་ཡོད། ཆུ་མཛོད་འབྲིང་གྲས་དང་ཆུང་གྲས་61བསྐྲུན་ཟིན་པ་དང་སྤྱིའི་ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི13776ཟིན་ཡོད། ད་དུང་ཐུང་ཅི་ཆའོ་ཆུ་མཛོད་ཀྱི་བྱང་དང་། དབུས་རྒྱུད། ལྷོ་བཅས་ཀྱི་ཡུར་བུ་རྣམས་འཕྲེད་དུ་བརྒལ་བཞིན་ཡོད། ཧུའུ་ཡོན་ཅང་ཞིའི་ཆུ་ཤར་དུ་འདྲེན་པའི་ལས་གྲྭ། ཧང་ཁོའུ་ཕིང་གི་ཤར་དུ་ཆུ་འདྲེན་ཕུག་ལམ་བརྒྱུད་དེ། ཧུའུ་ཡོན་ཅང་ཧྲུའེ་ཤར་དུ་ཅིན་ཁེང་ལིན་ཆུ་མཛོད་དུ་བཞུར་ནས། པེ་ཧྲན་ཅའོ་རྒྱུད་ཀྱི་ཞིང་ཁར་ཞིང་ཆུ་འདྲེན་པ་དང་གསར་སྤེལ་བྱེད་ཀྱིན་ཡོད།

3_4 གནམ་གཤིས།

ཕུའུ་ཅང་གཙང་པོ་ནི་ཚ་ཁུལ་ཕལ་བའི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་དྲོད་ཚད16.6℃ཡིན་པ་དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད4.2℃ཡིན་པ། ཟླ་བརྒྱད་པའི་ཆ་སྙོམས་དྲོད་ཚད33.7℃ཡིན། ལོ་རེར་ཆ་སྙོམས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི1412.2ཟིན་ཡོད། ལོ་རེའི་ཉི་འོད་ཆུ་ཚོད1996.2ཟིན་གྱི་ཡོད། སད་མེད་དུས་ནི་ཉིན238ཡས་མས་ཡིན། རླུང་ཆེན་དང་སེར་བ། རྔུལ་ཆུ་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་གྱི་ཡོད།

4 མི་འབོར།

སྤྱི་ལོ2013ལོའི་ལོ་མཇུག་ཏུ་ཕུའུ་ཅང་རྫོང་གི་མི་འབོར་བསྡོམས་ཁྲི39.44ཟིན་པའི་ནང་སྐྱེས་པ་ཁྲི20.54དང་བུད་མེད་ཁྲི18.90ཡོད་པ་རེད། ཞིང་ལས་མིན་པའི་མི་འབོར་ཁྲི7.09ཟིན་པ་དང་། མི་འབོར་རང་ཤུགས་སུ་འཕར་ཚད 2.45‰ཟིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར175.41མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་སྤྱི་ལོ2012ལོ་ལས8.9%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.39ཟིན་ནས1.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར103.16ཟིན་ནས10.9%འཕར་བ་རེད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར62.87ཟིན་ནས6.4%འཕར་ཡོད། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར44647(སྤྱི་ལོ2013ལོའི་ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར7210ལ་ཕབ་རྩིས་བརྒྱབ་པ)ཟིན་ནས8.6%འཕར་ཡོད། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཕར་ཐང་གིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་དེ་སྤྱི་ལོ2012ལོའི5.2:59.8:35.0ནས5.4:58.8:35.8ཟིན་པ་དང་ཐོན་ལས་གསུམ་པས་བཟུང་བའི་བསྡུར་ཚད་ནི་སྤྱི་ལོ2012ལོ་ལས་བརྒྱ་ཆའི་གྲངས0.8མཐོ་རུ་ཕྱིན་ཡོད།

5_1 གཏན་འཇགས་རྒྱུ་ནོར།

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར78.75བཏང་བ་དེ་སྤྱི་ལོ2012ལོ་ལས20.7%འཕར་ཡོད། རྒྱལ་ཁབ་ལ་དབང་བའི་སྡེ་ཚན་གྱིས་མ་དངུལ་འཇོག་གྲངས་འཕར་ཚད་ཅུང་མགྱོགས་ཤིང་། ལོ་ཧྲིལ་པོར་རྒྱལ་ཁབ་ལ་དབང་བའི་སྡེ་ཚན་གྱིས་མ་དངུལ་སྒོར་དུང་ཕྱུར11.33བཏང་བ་དེ52.7%འཕར་བ་དེས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་ཀྱི14.4%ཟིན་ཡོད།     

5_2 ཉོ་ཚོང་།     

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར77.77ཟིན་པ་དེ་སྤྱི་ལོ2012ལོ་ལས15.2%འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར56.4ཟིན་ནས14.2%འཕར་བ་དང་། གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར21.4ཟིན་ནས18.9%འཕར་ཡོད། ལས་རིགས་དབྱེ་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར65.02ཟིན་ནས15.2%འཕར་བ་རེད།     སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གིས་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་ཁྲི103903ཟིན་པ་དེ་སྤྱི་ལོ2012ལོ་ལས16.1%འཕར་ཡོད། དེའི་ནང་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་ཁྲི96661ཟིན་ནས17.6%འཕར་ཡོད།        

5_3 ཡུལ་སྐོར།   

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི266.8ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཐོན་ལས་ཀྱི་ཡོང་འབབ་སྒོར་དུང་ཕྱུར16.99བྱུང་བ་དེ་ལོ་སྔོན་མ་ལས15.2%དང15.3%འཕར་ཡོད། དེའི་ནང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི266.39ལ་སྣེ་ལེན་ཞུས་པ་དེ15.2%འཕར་བ་དང་། རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར16.92ཟིན་ནས15.4%འཕར་བ་རེད། རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བ་མི་ཐེངས4106ལ་སྣེ་ལེན་ཞུས་པ་དེ4.4%འཕར་བ་དང་། ཡུལ་སྐོར་ཡོང་འབབ་ཨ་སྒོར་ཁྲི100.81ཟིན་ནས0.83%ཆག་ཡོད།

6 རང་བྱུང་ཐོན་ཁུངས།
6_1 གཏེར་རྫས་ཐོན་ཁུངས།

གཏེར་རྫས་ཐོན་ཁུངས་ལ་རྡོ་ཐལ་རྡོ་ཡོད་པ་དང་། དེའི་ནང་དུ་རྡོ་ཐལ་རྡོ་དང་། ཅ་ཁྲང་རྡོ། རྡོ་སོལ། ལིན་གཏེར་རྡོ། རྡོ་དཀག་བྲག་རྡོ། ལྕགས་ཁབ་ལེན་དང་ཟངས་གཏེར་སོགས་གཏེར་གནས་ཡོད་ལ། དེའི་ནང་དུ་རྡོ་ཐལ་རྡོ་གསོག་ཚད་ཆེས་ཆེ་བ་ཡིན།    

6_2  ཆུའི་ཐོན་ཁུངས།

ཆུ་བེད་འདུས་ཚད་སྟོང་ཝ3.25ཟིན་པ་དང་། ཆུ་ཤུགས་གློག་ཁང70བསྐྲུན་ཡོད། འཕྲུལ་འཁོར་སྒྲིག་སྦྱོར་བྱེད་ཚད་བསྡོམས་འབོར་སྟོང་ཝ7179ཟིན་ཡོད།    

6_3  ནགས་ལས་ཐོན་ཁུངས།    

ནགས་སའི་རྒྱ་ཁྱོན་སྤྱི་ཆིང9000ལྷག་ཙམ་ཟིན་ཡོད། གཙོ་བོ་ནུབ་རྒྱུད་དང་བྱང་རྒྱུད་དུ་ཁྱབ་ཡོད་པ་དང་། གསོམ་ཤིང་དང་། ཐང་ཤིང་། སྨྱུག་མ་སོགས་ཀྱི་རྒྱུ་ཆའི་ནགས་ཚལ་གཙོ་བོ་ཡིན་པ་མ་ཟད། སྣུམ་ཤིང་དང་། ཝུའུ་ཐུང་། ཡིའུ་ཇ། པན་ལི་སོགས་དཔལ་འབྱོར་ནགས་ཤིང་ཡང་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོའི་ལས་དོན།    

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གི་སློབ་འབྲིང་བཞི་པ་དང་། ཤིན་ཧྭ་བུ་བཅོལ་ཁང་། ཧོང་ཀྲའེ་སློབ་འབྲིང་སོགས་གསར་དུ་བསྐྱར་སྐྲུན་རྒྱས་སྐྲུན་བྱས་པའི་སློབ་གྲྭ10བསྐྲུན་ཟིན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཞིང་ཆེན་རིམ་པའི་ཚད་ལྡན་ཅན་གྱི་སློབ་གྲྭ15དང་ཞིང་ཆེན་རིམ་པའི་བུ་བཅོལ་ཁང23བསྐྲུན་པ་རེད། དངོས་གཞིའི་རྒྱུགས་འཕྲོད་ཚད་མི་གྲངས2000ལས་ཐོག་མར་བརྒལ་ཡོད་པ་རེད། སྤྱི་ལོ2013ལོར་ཕུའུ་ཅང་རྫོང་དུ་མཐོ་རིམ་སློབ་འབྲིང་དཀྱུས་མ6(དེའི་ནང་ཕྱོགས་བསྡུས་མཐོ་རིམ་སློབ་འབྲིང3ཚུད་ཡོད་)ཡོད་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ6885ཡོད་པ་དང་། ལས་རིགས་མཐོ་འབྲིང2དང་སློབ་གྲྭར་ཡོད་པའི་སློབ་མ3942ཡོད། དམའ་འབྲིང13དང་སློབ་གྲྭར་ཡོད་པའི་སློབ་མ12234ཡོད། སློབ་ཆུང30(དེའི་ནང་ལས་མིའི་སློབ་ཆུང2ཚུད་ཡོད་)དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ33705ཡོད། བུ་བཅོལ་ཁང98དང་བུ་བཅོལ་ཁང་གི་བྱིས་པ17565ཡོད་པ་རེད།     

7_2 ཚན་རྩལ་ལས་དོན།    

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གིས་རིམ་ཁག་ཚན་རྩལ་རྣམ་གྲངས207ལག་བསྟར་བྱ་རྒྱུའི་རེ་ཞུ་བྱས་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས17དང་། ཞིང་ཆེན་རིམ་པའི་རྣམ་གྲངས52 གྲོང་ཁྱེར་རིམ་པའི་རྣམ་གྲངས15 རྫོང་རིམ་པའི་རྣམ་གྲངས123བཅས་ཡོད་པ་རེད། རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས6རེ་ཞུ་བྱས་པ་དང་ཞིང་ཆེན་གྱི་དམངས་གཉེར་ཚན་རྩལ་ཅན་གྱི་ཁེ་ལས་འབྲིང་ཆུང5རེ་ཞུ་བྱས་པ་རེད། དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ624 གསར་དུ་ཐོབ་པའི་ནང་གསར་གཏོད་ཁེ་བེད་བདག་ཐོབ56དང་དངོས་སྤྱོད་དཔེ་གསར286ཡོད་པ་རེད། ཕུའུ་ཅང་རྫོང་ལ་ཞིང་ཆེན་ཚན་རྩལ་ཆེད་མངགས་པའི་ལས་དོན་གྱི་སྔོན་ཐོན་ཚན་པའི་མཚན་སྙན་ཐོབ་པ་རེད།     

7_3 རིག་གནས་ལས་དོན།    

སྤྱི་ལོ2013ལོར་ཕུའུ་ཅང་རྫོང་གི་ཤན་ཧྭ་རིག་གནས་མཛེས་ལྗོངས་གླིང་གི་འདུ་འགོད་དེ་རིག་གནས་བྱེད་སྒོའི་ལྟེ་གནས་དང་ཡིག་རིས་འགྲེམས་ཚོགས་ལྟེ་གནས་ཀྱི་བྱེད་པོ་བསྐྲུན་ཟིན་པ་དང་། རྫོང་ལུས་རྩལ་བྱེད་སྒོའི་ལྟེ་གནས་དང་། རླུང་འཕྲིན་བརྙན་འཕྲིན་ལྟེ་གནས། གཞོན་ནུ་ལོ་ཆུང་གི་བྱེད་སྒོའི་ལྟེ་གནས་བཅས་ཀྱི་འཛུགས་སྐྲུན་ལས་གྲྭར་བདེ་བླག་ངང་སྐུལ་འདེད་བཏང་བ་དང་། ཡུའེ་ཆོན་གནའ་ཤུལ་སྤྱི་གླིང་ལས་གྲྭ་དང་ལོ་རྒྱུས་བཟོ་བཀོད་སྲུང་སྐྱོང་བེད་སྤྱོད་ལས་གྲྭ་བརྒྱ་ལག་ལེན་བསྟར་བ། གྲོང་གསེབ་ཀྱི་རིག་གནས་ཚོགས་ཁང14གསར་སྐྲུན་བཅས་བྱས་ནས་ཕུའུ་ཅང་·ཀྲུང་གོའི་གནའ་གཞུང་གནའ་བོའི་སྒྱུ་རྩལ་ཐོན་རྫས་རིག་གནས་དུས་ཆེན་སྐབས་དང་པོ་བདེ་བླག་ངང་གཉེར་བ་རེད།

8 གཟི་བརྗིད་མཚན་སྙན།

མི་རབས་རིམ་བྱུང་གི་གྲགས་ཅན་མི་སྣ་མང་པོ་ཐོན་ནས“རིག་གནས་ཀྱི་རྒྱལ་ཕྲན”དང་། “ཡིག་རིས་ཀྱི་ཕ་ཡུལ” “ཆུ་ཤེལ་གྱི་གྲོང་ཁྱེར” “སྒོ་ལྕགས་རྟེན་གཞི” “ཀྲུང་གོའི་འཚེམ་སྲུབས་ཁྱིམ་འཁེལ་གྲགས་ཅན་གྲོང་ཁྱེར”བཅས་ཀྱི་མཚན་སྙན་ཡོད། སྤྱི་ལོ2018ལོའི་ཟླ12པར་རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ100ཡི་ནང་ཚུད་ཡོད། སྤྱི་ལོ2019ལོའི་ཟླ་5པའི་ཚེས14ཉིན་སྐབས་བཅུ་པའི་ཀྲུང་ཧྭའི་ཁོར་ཡུག་ཕུལ་བྱུང་གི་བྱ་དགའ་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།