ཐེན་ཉིང་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-03-05 16:34ལ་འགྲུབ།

ཐེན་ཉིང་ཆུས།

ཐེན་ཉིང་ཆུས།
ཐེན་ཉིང་ཆུས་ནི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། ཁྲང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན། ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“ཤར་ཕྱོགས་ཀྱི་ནགས་ཚལ་དང་པོ”སྟེ་ཐེན་ཉིང་དགོན་ཞེས་པ་གནས་དེ་རུ་ཆགས་ཡོད་པས་མིང་ཡང་དེ་ལྟར་ཐོགས་པ་རེད། ཆུས་ཁོངས་སུ་ད་དུང་ཐེན་ཉིང་དགོན་དང་། ཧུང་མའེ་སྤྱི་གླིང་། ཏུང་ཕོ་སྤྱི་གླིང་། ཝུན་པི་མཆོད་རྟེན་སོགས་ལྟ་ན་སྡུག་པའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གླིང་ག་མང་པོ་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཐེན་ཉིང་ཆུས།
རྒྱ་ཡིག་གི་མིང་།
天宁区
ཕྱི་ཡིག་གི་མིང་།
TianNingQu
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཁྲང་ཀྲོའུ་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་སྲང་དྲུག་དང་གྲོང་རྡལ་གཅིག
སྲིད་གཞུང་སྡོད་གནས།
ཁྲང་ཀྲོའུ་གྲོང་ཁྱེར་ཐེན་ཉིང་ཆུས་ཀྲོའུ་ལིན་ལམ་ཨང་རྟགས256པ།
ས་ཁོངས་ཁ་པར་ཨང་རྟགས།
0519
སྦྲག་སྲིད་ཨང་རྟགས།
213000
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ153.93
མི་གྲངས།
ཁྲི64
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་ཚིགས་རང་བཞིན་གྱི་བཞའ་ཚན་གནམ་གཤིས།
ཡུལ་སྐད།
ཝུའུ་སྐད། ཁྲང་ཀྲོའུ་སྐད།
རླངས་འཁོར་ཚབ་ཨང་།
苏D
སྲིད་འཛིན་ཚབ་ཨང་།
320402
གནམ་གྲུའི་ཐང་།
ཁྲང་ཀྲོའུ་པུན་ཉིའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་།
མེ་འཁོར་འབབ་ཚུགས།
ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས། ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས་བྱང་མ། ཆི་དབྱི་ཡན་མེ་འཁོར་འབབ་ཚུགས།
1 ངོ་སྤྲོད་རགས་བསྡུས།

ཐེན་ཉིང་ཆུས་ནི་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། ཁྲང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ཡིན། ལོ་ངོ1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི“ཤར་ཕྱོགས་ཀྱི་ནགས་ཚལ་དང་པོ”སྟེ་ཐེན་ཉིང་དགོན་ཞེས་པ་གནས་དེ་རུ་ཆགས་ཡོད་པས་མིང་ཡང་དེ་ལྟར་ཐོགས་པ་རེད། ཆུས་ནང་ཁུལ་དུ་ཧུའུ་ཉིང་མྱུར་བགྲོད་ལྕགས་ལམ་དང་། ཅིན་ཧང་མིས་བཟོས་གཙང་པོ་གསར་མ། ཧུའུ་ཉིང་མྱུར་བགྲོད་གཞུང་ལམ་བཅས་བརྒལ་ཡོད་ཅིང་། ཁྲང་ཀྲོའུ་མེ་འཁོར་འབབ་ཚུགས་དང་ཁྲང་ཀྲོའུ་རླངས་འཁོར་འབབ་ཚུགས་སོགས་ཀྱང་ཆུས་དེའི་ཁོངས་གཏོགས་སུ་གནས་ཡོད།  ཆུས་ཁོངས་སུ་ད་དུང་ཐེན་ཉིང་དགོན་དང་། ཧུང་མའེ་སྤྱི་གླིང་། ཏུང་ཕོ་སྤྱི་གླིང་། ཝུན་པི་མཆོད་རྟེན་སོགས་ལྟ་ན་སྡུག་པའི་ས་གནས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གླིང་ག་མང་པོ་ཡོད། 

2 འཕེལ་རྒྱས་གནས་ཚུལ།

སྤྱི་ལོ2017ལོར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར750ཙམ་ལ་སླེབས་པ་དེ8%འཕརཡོད་ལ། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་གྱ་བརྒྱད་པར་སླེབས་ཡོད།

ཐེན་ཉིང་ཆུས་ལ་སྔ་རྗེས་སུ་རྒྱལ་ཡོངས་སྡེ་ཁུལ་གྱི་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཡོངས་སྡེ་ཁུལ་འཛུགས་སྐྲུན་དཔེ་སྟོན་གྲོང་ཁྱེར། རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལས་ཀའི་དཔེ་སྟོན་ཁུལ། རྒྱལ་ཡོངས་སྡེ་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོའི་ལས་ཀའི་དཔེ་མཚོན་ཁུལ། རྒྱལ་ཡོངས་མང་ཚོགས་ཀྱི་ལུས་རྩལ་སྔོན་ཐོན་སྡེ་ཁག རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་ལས་དོན་གྱི་སྔོན་ཐོན་ཆུས། ཞིང་ཆེན་གཉིས་ཀྱི་དཔེ་བཟང་ཆུས། ཞིང་ཆེན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ཆུས་སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་ཡོད་པ་རེད། སྤྱི་ལོ2018ལོའི་ཟླ10པར་ལོ་དེའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་དང་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སུ་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ10པར། རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་དོན་གསུམ། སྤྱི་ལོ2019ལོའི་ལོ་དེའི་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་ཀྱི་ཨང་ཞེ་དྲུག་པ། སྤྱི་ལོ2019ལོའི་ལོ་དེའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཆུས་བརྒྱའི་གྲས་སོགས་སུ་ཚུད་ཡོད།

3 སྲིད་འཛིན་ཁོངས་བགོས།

ཆུས་ཡོངས་ཀྱི་སྲིད་འཛིན་དོ་དམ་ས་ཁོངས་ལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ154ཡོད་པ་དང་། དེའི་མངའ་འོག་ཏུ་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ(ཐེན་ཉིང་དཔལ་འབྱོར་གསར་སྤེལ་ཁུལ)གཅིག་དང་། ལྟེ་བའི་གྲོང་རྡལ(ཀྲེང་ལུའུ་གྲོང་རྡལ)གཅིག ཁྲོམ་སྲང(ཏིའོ་གྲོང་ཁྲོམ་སྲང་དང་། ཆིན་ལུང་ཁྲོམ་སྲང་། ཁྲ་ཧྲན་ཁྲོམ་སྲང་། ཧུང་མེ་ཁྲོམ་སྲང་། ཐེན་ཉིང་ཁྲོམ་སྲང་། ལན་ལིང་ཁྲོམ་སྲང་། )དྲུག་དང་། གྲོང་ཚོ་དང་སྡེ་ཁུལ134ལྷག་ཙམ་ཡོད་ལ། རྒྱུན་སྡོད་མི་འབོར་ཁྲི69ལ་སླེབས་ཡོད།

4 ས་བབ་ཆགས་ཚུལ།

ཐེན་ཉིང་ཆུས་ནི་ཁྲང་ཀྲོའུ་གྲོང་ཁྱེར་གྱི་དབུས་རྒྱུད་དེ། འབྲི་ཆུའི་ཟུར་གསུམ་གྱི་ཀྲོའུ་ཐའེ་ཧུའུ་བདེ་ཐང་དུ་གནས། ཚ་ཁུལ་ཕལ་བའི་དུས་ཚིགས་རང་བཞིན་གྱི་བཞའ་ཚན་གནམ་གཤིས་སུ་གཏོགས་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད15.6℃ལྷག་ཙམ་ཡིན་པས“ཉ་དང་འབྲས་ཀྱི་ཕ་ཡུལ”ཞེས་པའི་བསྔགས་པ་བརྗོད་ཀྱི་ཡོད།

ཐེན་ཉིང་ཆུས་ཤར་ཕྱོགས་སུ་ཝུའུ་ཅིན་ཆུས་དང་འབྲེལ་ལ། ནུབ་ཕྱོགས་སུ་ཀྲུང་ལོའུ་ཆུས་དང་འབྲེལ། ལྷོ་ངོས་ཕྱོགས་ནི་ཝུའུ་ཅིན་ཆུས་དང་འབྲེལ་ལ། བྱང་ངོས་ཕྱོགས་ནི་ཞིན་པེ་ཆུས་དང་འབྲེལ། ཅིང་ཧང་མིས་བཟོས་གཙང་པོ་དང་། ཧུའུ་ཉིང་ལྕགས་ལམ། ཧུའུ་ཉིང་མྱུར་བགྲོད་གཞུང་ལམ། རྒྱལ་ལམ312སོགས་ཀྱང་ཆུས་དེ་བརྒྱུད་པ་རེད།  ཁྲང་ཀྲོའུ་པུན་ཉིའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་དང་བར་ཐག་སྤྱི་ལེ15ཡོད་པ་དང་། ཝུའུ་ཞི་རྒྱལ་སྤྱིའི་གནམ་གྲུའི་ཐང་དང་བར་ཐག་སྤྱི་ལེ39དང་ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུའི་ཐང་དང་བར་ཐག་སྤྱི་ལེ80ལྷག་ཙམ་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཐེན་ཉིང་ཆུས་ཀྱི་ད་ལྟའི་ཆབ་སྲིད་འགོ་ཁྲིད་ཀྱི་གནས་ཚུལ།

ཆུས་ཏང་ཨུའི་ཧྲུའུ་ཅི། སུང་ཅན་ཝུའེ།

ཆུས་ཀྲང་། ཞུས་ཞའོ་པོ། 

དཔྱད་གཞིའི་ཡིག་ཆ།